མཚོ་སྔོན་གྱིས་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ12པའི་ཚེས31ཉིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏང་ཆེད། 《ལས་ཤོར་འགན་བཅོལ་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ1999ལོའི་ཨང258པ)ཡི་གཏན་འབེབས་གཞིར་བཟུང་། ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ལྟར་མ་མཐའི་གླ་ཕོགས་ཀྱི་ཚད་གཞི90%ཡི་ལེགས་སྒྲིག་ལམ་སྲོལ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། རང་ཞིང་གི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར1530བར་ལེགས་སྒྲིག་གཏན་ཁེལ་བྱས་པ་རེད།

ད་རེས་ལེགས་སྒྲིག་བྱས་པའི་ཚད་གཞི་ནི་ཞིང་ཆེན་ཡོངས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་གཅིག་གྱུར་གྱིས་མི་རེར་ཟླ་རེར་སྒོར1530བར་ལེགས་སྒྲིག་བྱས་ཡོད་པ་རེད། ད་ཐེངས་ཀྱི་ལེགས་སྒྲིག་དེ་ལས་ཤོར་འགན་བཅོལ་ནང་ཞུགས་པ་དང་འབྲེལ་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་ཤོར་མི་སྣར་སྤྱད། ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་རྗེས་ལས་ཤོར་འགན་བཅོལ་ཐེབས་རྩའི་ཁྲོད་ནས་གཏང་དགོས།ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་ཏེ། 2020ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

ལས་ཤོར་འགན་བཅོལ་མ་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་བཏང་བ་དེས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་ལས་ཤོར་མི་སྣར་ཐུགས་ཁུར་དང་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། གྲོང་ཁྱེར་དང་ཁུལ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་ནོར་སྲིད་ཅུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་རེད། དུས་མཚུངས་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཤོར་མི་སྣས་སྲིད་ཇུས་ཤེས་རྟོགས་ཐུབ་པའི་འགན་ལེན་བྱས། རིམ་པ་ཁག་གི་སྤྱི་ཚོགས་འགན་བཅོལ་གཉེར་སྐྱོང་སྒྲིག་གཞིས་ཚད་གཞི་གསར་པ་གཞིར་བཟུང་ལས་ཤོར་མི་སྣར་ལས་ཤོར་འགན་བཅོལ་དངུལ་དུས་ཐོག་ཏུ་སྤྲད་དེ་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་ཆུ་ཚད་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།