ཟི་ལིང་གིས“དོ་སྣང་གསུམ”ལ་བརྟེན་ནས་འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། འགན་འཁྲི་མི་འཁུར་བ་དང་མི་བྱེད་པ་དེ་ཆེད་དོན་བཅོས་སྒྲིག་ལས་དོན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། འགན་འཁྲི་ཁག་བགོས་ཞིབ་ཚགས་སུ་གཏོང་བ། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཡོད།

མཉམ་འགུལ་གཞོགས་འདེགས་ལ་དོ་སྣང་། ཟི་ལིང་གྲོང་ཨུད་རྩ་འཛུགས་པུས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་གྲོང་ཨུད་སྐོར་བཤེར་གཞུང་དོན་ཁང་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། གྲོང་ཁྱེར་རྩིས་བཤེར་ཅུས། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད། “ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་མི་འདང་བ་དང་། ཐོབ་རེ་ཤོར་དོགས་བྱེད་པ། འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ་”བཅས་ཕྱོགས་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་14ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་གཞོགས་འདེགས་ཚན་པ་ཁག་གི་ལས་ཀའི་འགན་འཁྲི་ཞིབ་ཕྲ་བཟོས་ཡོད།

ལྟ་སྐུལ་སྒྲིག་བསྟར་ལ་དོ་སྣང་བྱས། ཟི་ལིང་གྲོང་ཨུད་རྩ་འཛུགས་པུས་ལྟ་ཞིབ་ཚོགས་ཆུང་3བཙུགས་ནས་རྫོང་དང་ཆུས་ཁག་དང་ཚན་པ་ཁག་ཏུ་བསྐྱོད་དེ་ལྐོག་ཞིབ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ཚུར་ལན་སྤྲད་དེ་དུས་ཐོག་ཏུ་དག་ཐེར་བྱས་པའི་གནས་ཚུལ་ལ་རྗེས་སྙེག་བྱས་པ་རེད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྟ་ཞིབ་དམར་འདོན་ཚོགས་ཆུང་བཙུགས་ནས་མངོན་ཞིབ་ལྐོག་འདྲི་དང་དྲ་ཐོག་དྲ་ཕྱིའི་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཀྱི་སྡེ་ཚན་44ཡི་གནད་དོན་33དམར་འདོན་བྱས་པ་མ་ཟད། དག་ཐེར་ཡོ་བསྲང་ལ་སྐུལ་འདེད་བཏང་ནས་ཨང་རྟགས་མེད་པ་བཟོས་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པའི་གནད་དོན་ཁག་5ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་14ཐག་གཅོད་བྱས་པ། མི་13ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་པ་བཅས་རེད། དྲང་ཕྱོགས་ནས་སྐུལ་མ་གཏོང་བ་གཙིགས་སུ་འཛིན་པ། 《ཟི་ལིང་གྲོང་ཁྱེར་རྩ་འཛུགས་སྡེ་ཚན་གྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུའི་སྲུང་སྐྱོང་ལས་དོན་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་བྱེད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུའི་གནད་དོན་ལ་ཞིབ་བཤེར་ནན་ཏན་བྱེད་པ། དོན་དངོས་དང་མི་མཐུན་པའི་ཚུར་སྣང་ཕོག་པའི་ལས་བྱེད་པ་4ལ་ཁྱབ་ཁོངས་འོས་འཚམ་ནང་དོན་དངོས་གསལ་པོ་བཟོ་བ་དང་། ལས་བྱེད་པའི་ཁུར་པོ་འབེབས་པ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐོང་འཐེན་བཅས་བྱས་ཡོད། གཞི་རིམ་གྱི་འཐབ་ས་དང་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་མང་ཚོགས་ཀྱིས་ཁས་ལེན་བྱས་པའི་ལས་བྱེད་པ་78འདེམས་སྤྱོད་བྱས་པ་དེས་རྫོང་རིམ་པའི་ལས་བྱེད་པའི་སྤྱི་འབོར་གྱི་74.3%བཟུང་ཡོད། “ཐོག་མའི་སྙིང་གཏམ་ཤོད་པའི”དྲིལ་བསྒྲགས་སློབ་གསོའི་བརྙན་ལམ་བརྒྱུད་ཉེ་འགྲམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཕུལ་བྱུང་དང་གུང་ཁྲན་ཏང་ཡོན་ཕུལ་བྱུང་31ལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལས་གནས་ཐོག་གཞི་ཚུགས་པ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུའི་ལྕག་སྐུལ་དང་སློབ་གསོ་བཏང་བ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།