མཚོ་ཤར་གྱིས་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས་བཅོས་སྐྱོང་གསལ་ཐོ163ཁྲོད་ཀྱི་བཅོས་སྐྱོང་ལས་འགན79ལེགས་འགྲུབ་བྱས་ཤིང་། ལྕགས་ལམ་བདེ་འཇགས་འཁོར་སྐྱོད་ལ་ཤུགས་རྐྱེན་བཟོ་བའི་གནད་དོན39རང་འགུལ་སྒོས་ཞིབ་བཤེར་བྱས་ཏེ་མགྱོགས་མྱུར་ངང་བཅོས་སྐྱོང་བྱེད་སྒང་རེད།

རྒྱུས་ལོན་པ་ལྟར་ན། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ཚུན། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་སྒོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བྱ་བའི་ལས་འགན་ཧུར་བསྐྱེད་སྒོས་ངོས་འཛིན་བྱེད་པ། རང་འགུལ་ངང་ལྕགས་ལམ་སྡེ་ཁག་དང་ཁོངས་གཏོགས་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་བདེ་འཇགས་ཉེན་ཁར་བཅོས་སྐྱོང་བྱས། གནད་དོན་གྱི་གསལ་ཐོ་བཅོས་སྐྱོང་ལས་འགན་གྱི་རྨང་གཞིའི་ཐོག ལྕགས་ལམ་བདེ་འཇགས་འཁོར་སྐྱོད་ལ་ཤུགས་རྐྱེན་བཟོ་བའི་གནད་དོན39ཞིབ་བཤེར་བྱས་ཤིང་། ད་སྔར“དུམ་མཚམས་གཉིས་ཀྱི”བྱ་བའི་སྒྲིག་གཞིའི་བླང་བྱ་ལྟར་བཅོས་སྐྱོང་བྱེད་བཞིན་ཡོད་པ་རེད།

དེ་དང་མཉམ་དུ། མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྒྲིག་གཞི་བཙུགས་ནས། མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་ཕྱོགས་བསྡུས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ། མཉམ་བཅོས་མཉམ་སྡོམ་གྱི་ནུས་ལྡན་སྒྲིག་གཞི་གྲུབ་དུ་བཅུགས། ལམ་རྒྱུད་ཀྱི་ས་གནས་སྲིད་གཞུང་དང་ལྕགས་ལམ་སྡེ་ཁག་གིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད།ལྕགས་ལམ་སྡེ་ཁག་དང་མཉམ་འབྲེལ་སྒོས་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་འགྲིམ་འགྲུལ་བྱ་བའི་འགན་འཁྲིའི་ལམ་ལུགས་ཀྱི་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། ཕྱོགས་གཉིས་ཀའི་ལམ་དུམ་གྱི་ལས་བགོས་དང་བྱ་བའི་འགན་འཁྲི། བཅོས་སྐྱོང་བྱ་བ། དཔྱད་ཞིབ་ལམ་ལུགས་བཅས་གསལ་བོར་བཟོས་ནས། སླད་ཕྱིན། མྱུར་བགྲོད་ལམ་རྒྱུད་ཀྱི་ས་གནས་སྲིད་གཞུང་དང་ལྕགས་ལམ་སྡེ་ཁག་གིས་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་མཉམ་དུ་ཞིབ་བཤེར་དང་ཐག་གཅོད་བྱེད་པར་ལམ་ལུགས་ཀྱི་རམ་འདེགས་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།