གཟབ་རྒྱས་ཆེ་བའི2019ལོའི་མཚོ་སྔོན་བོད་ལུགས་ས་གདན་འགྲེམ་ཚོགས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དང་རྒྱལ་སྤྱིའི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས་གཟབ་རྒྱས་ངང་བསྡུས་ཤིང་། དེ་ནི་འཛམ་གླིང་ས་གདན་སྒྱུ་རྩལ་གྱི་མཚོན་བྱེད་ཡིན་ལ་སྣོད་བཅུད་ཐོན་ལས་གཅིག་སྡུད་ཀྱི་མཚོན་བྱེད་ཀྱང་ཡིན། མི་ཚོགས་འགྲེམས་ཁང་དུ་བསྐྱོད་པ་དང་ཆབས་ཅིག རྒྱལ་ཁབ་ཁག་དང་ས་གནས་ཁག་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ས་གདན་སྣ་ཚོགས་ནི་སྣག་ཚའི་རི་མོ་ལྟར་གཙང་ལ་རང་རྒྱལ་གྱི་རི་མོ་དང་འདྲ་བའི་རླུང་ཁམས་ཆེན་པོ་ཞིག་རེད། འགྲེམས་ཁང་ནང་སྐྱོད་སྐབས་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་ཏུ་གནས་པ་ལྟར་མི་རྣམས་མཛེས་སྡུག་ལྡན་པའི་ས་གདན་གྱི་གནམ་ས་དེ་བརྗེད་པར་གྱུར། འགྲེམས་སྟོན་བྱ་ཡུལ་དུ་རྒྱལ་ཁབ་ཁག་ནས་ཡོང་བའི་ལག་ཤེས་ས་གདན་སྣ་ཚོགས་དང་། འཕྲུལ་འཐག་ས་གདན། སྒྱུ་རྩལ་འགེལ་རུམ་བཅས་འགྲེམས་སྟོན་བྱས་པ་མ་ཟད། ད་དུང་ལག་རྩལ་པ་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་རྒྱལ་ཁབ་ཁག་གི་ས་གདན་འཐག་པའི་ལག་རྩལ་འགྲེམས་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ནི་གནའ་བོའི་དར་གོས་ལམ་བུའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། དེང་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་བཏོད་པའི་འཐབ་ཇུས་ཀྱི་རྟེན་གཞི་ཞིག་ཀྱང་ཡིན། མིག་སྔར“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ས་གདན་ལས་རིགས་སུ་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་པ་དང་། མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་གསེར་གྱི་མིང་བྱང་ཞིག་རེད། 

མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་ནང་ཕ་ཁི་སི་ཐན་དང་། དབྱི་རན། ཨ་ཧྥུ་ཀ་ནི་སི་ཐན་སོགས་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་པ་དང་། འགྲེམས་ཁང་ནང་འགྲེམས་སྟོན་བྱས་པའི་ས་གདན་དང་། དབྱི་རན་གྱི་འགྲེམས་ཞུགས་ཚོང་པས“ལོ་ལྟར་ང་ཚོས་དབྱི་རན་གྱི་སྤུས་ལེགས་འགྲེམས་ཞུགས་ཚོང་པ་མང་པོ་སྒྲིག་འཛུགས་བྱས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ་དར་སྲོལ་ཞིག་ཀྱང་ཡིན།