[2019ལོའི་བོད་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་བཀྲམ་ཚོགས་གནད་སྟོན] རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ཟི་ལིང་དུ་འཚོགས་པ་རེད། ཐེངས་འདིའི་གླེང་སྟེགས་གཉེར་བ་བརྒྱུད་དེ་འབྲེལ་འདྲིས་དང་མཉམ་ལས་ཀྱི་ལས་སྟེགས་བཏོད་དེ། མཚོ་སྔོན་གྱི་དཔལ་འབྱོར་རིམ་སྤོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

དེང་སྐབས། འཛམ་གླིང་ཡོངས་ཀྱི་གཞི་གྲངས་ཚོང་དོན་མགྱོགས་མྱུར་འཕར་བའི་རྒྱབ་ལྗོངས་ཆེན་པོའི་འོག་དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་། བེད་སྤྱོད་གསར་པ། ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་བཅས་མཉམ་འདྲེས་གཏིང་ཟབ་བྱུང་ནས་དཔལ་འབྱོར་འདུ་ཤེས་གསར་གཏོད་དང་མ་ལག་བསྐྱར་སྐྲུན། གྲུབ་ཆ་བཟང་སྒྲིག་བཅས་ལ་འཚོ་བཅུད་མཁོ་འདོན་བྱས་ཡོད། མཚོ་སྔོན་ནི“རྒྱུད་གཅིག་ལམ་གཅིག”གི་རྟེན་གཞི་གལ་ཆེན་དང་ཚོང་དོན་ཟོག་འགྲེམ་ལྟེ་གནས་ཤིག་ཡིན་པའི་ངོས་ནས་བཤད་ན། དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རིམ་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་ཆེད་སྒུལ་ནུས་དང་འགན་སྲུང་མཁོ་འདོན་བྱ་དགོས།

ཐེངས་འདིའི་གླེང་སྟེགས་ཐོག་ལས་རིགས་ཀྱི་ཨ་ལི་པ་པའི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་སྤྱི་གཉེར་བ་དང་། གསེར་གྱི་རྟགས་མ་ཐོབ་པའི་འཆད་ཁྲིད་དགེ་རྒན་ཁྲེན་ཆེན་མོ་གདན་དྲངས་ནས“གཞིའི་གྲངས་ དུས་རབས་ཀྱི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ལམ་བུ”དང་། ཀྲེ་ཅང་ཐེན་ཐོའུ་ཁྲིམས་རྩོད་པའི་ལས་དོན་ཁང་གི་རྒྱལ་མཚམས་ལས་བརྒལ་བའི་ལས་སྒོའི་མཐོ་རིམ་བློ་འདྲི་བ། ཉིང་པོ་གྲོང་ཁྱེར་དྲ་ཐོག་ཚོང་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཞའོ་མིང་གིས“ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་ཇི་ལྟར་འཛུགས་རྒྱུ”དང་།ཉིང་པོ་གོ་ལ་ཧྲིལ་པོའི་ཚོང་དོན་ཐུང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཁྲེན་ཅན་ཤུས་ཀྱིས“ཀྲུང་ཨའི་ཚོང་དོན་དམག་འཐབ་ཀྱི་རྒྱབ་ལྗོངས་འོག་གོ་ལ་ཧྲིལ་པོའི་གསར་དར་ཁྲོམ་ར་གསར་འབྱེད་དང་ཉིང་ཞ་ཡི་བྱེད་ཐབས་ཞིབ་བཤེར”བཅས་མཉམ་སྤྱོད་བྱས་པ་རེད།

ལས་རིགས་ཀྱི་གྲགས་ཅན་ཁེ་ལས་དང་ལས་རིགས་ཀྱི་ཆེད་མཁས་པ་གསུམ་གྱིས་ཕྱི་ཕྱོགས་ཚོང་དོན་ཐོན་ལས་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། སྔོན་ཐོན་ས་ཁུལ་གྱིས་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་གཙོ་བོ་མཉམ་སྤྱོད་བྱས་པ། མཚོ་སྔོན་གྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་རུ་གཏོང་བ། དཀའ་གནད་སེལ་བ་བཅས་ལ་རོགས་རམ་བྱས་པ། མཚོ་སྔོན་གྱིས་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ལ་བརྟེན་ནས“གཞི་གྲངས་དར་གོས་ལམ་བུའི”འདྲི་རྩད་བྱེད་ཐབས་བཟོས་པ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་བཅས་རེད། དེ་དང་ཆབས་ཅིག་ཚོང་དོན་ཐིང་དང་ཉིང་པོ་གོ་ལ་ཧྲིལ་པོའི་ཚོང་དོན་ཐུང་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།