དབུལ་སྐྱོར་བྱེད་ན་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་དགོས།

  ཐོན་ལས་དབུལ་སྐྱོར་ནི་དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་པ་དང་།དབུལ་ཕོངས་ས་ཁུལ་གྱི་མི་གྲངས་དབུལ་ཕོངས་ལས་ཐར་བའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད།དབུལ་ཐར་འགག་སྒྲོལ་གྱི་རྩ་བའི་ཐར་ལམ་ཞིག་ཀྱང་ཡིན་པས།དབུལ་ཐར་གྱི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་དང་འབྲེལ་ཡོད་པ་རེད།

 2017ལོའི་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་དབུལ་ཐར་སྙན་ཞུ་བྱས་པའི་དབུལ་ཕོངས་རྫོང85ཡི་ཁྲོད།རང་ཞིང་དུ་བསྡོམས་པའི་དབུལ་ཕོངས་རྫོང7གྱི་དབུལ་ཐར་བྱ་བ་མངོན་འགྱུར་བྱུང་བ་རེད།

 རྐང་ཚ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ཁྲོད།མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ས་གཤིས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།དེ་དང་ཆབས་གཅིག་ཏུ་ཡུལ་སྐོར་དང་དབུལ་སྐྱོར་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་བརྟན་པོར་བཙུགས་ནས།ཧུར་ཐག་སྒོས་ཡུལ་སྐོར་ཐོན་ལས་བཟང་པོར་བསྒྲུབ་པ་དང་ཡུལ་སྐོར་ཐོན་ལས་རྒྱ་ཆེར་སྤེལ་བ་དང་མཉམ་དུ།དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱིས་ཧུར་ཐག་སྒོས་ཡུལ་སྐོར་ལས་གཞི་གོང་སྤེལ་དང་ཞབས་ཞུ་བྱེད་པར་སྐུལ་ལྕག་བྱས་ནས།ཁོང་ཚོའི་དབུལ་ཐར་ཕྱུག་འགྱུར་གྱི་གོམས་སྟོབས་ཇེ་མགྱོགས་སུ་བཏང་བ་རེད།

 རྒྱལ་ཡོངས་སུ་ཟ་ལར་རིགས་ཡ་རྫི་རྫོང་གིས་རང་མི་རིགས་ཆེས་འཇོན་པའི་འཐེན་ཐུག་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ།འཐེན་ཐུག་གི་དཔལ་འབྱོར་ནི་མང་ཚོགས་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོ་རུ་བཟུང་ནས།སྲིད་གཞུང་གི་སྣེ་ཁྲིད་དང་།རྩལ་ནུས་གསོ་སྦྱོང་།དངུལ་རྩའི་རྒྱབ་སྐྱོར།མང་ཚོགས་ཀྱི་གཙོ་ཁྲིད་སོགས་བྱེད་ཐབས་བརྒྱུད་དེ།སྔར་ལས་མང་བའི་མང་ཚོགས་ཡ་རྫི་རྫོང་གི་ལས་ཞུགས་ལས་གཏོད་ལ་ཞུགས་པར་སྣེ་ཁྲིད་ནས་ཁོང་ཚོར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།