ཧོར་གྲོང་ཞིང་ཕྱུགས་ལས་རིགས་ཀྱིས་ཕྱོགས་གང་མང་ཞིག་ནས་ཤིང་ཏོག་ལ་ཕན་འབྲས་མོད་པོ་ཞིག་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དེ་དམ་འཛིན་བྱས་ཤིང་། ཞིང་ལས་ཀྱི་མཁོ་སྤྲོད་ཐད་ལ་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་བྱེད་པ་གཙོ་གནད་དུ་བཟུང་ནས་ཞིང་ལས་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་འཕར་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བྱེད་ཆེད་ཞིང་བའི་བསྟུད་མའི་ཡོང་འབབ་ཐད་ལ་འགན་བཅོལ་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཐད་ལ་འབྲས་བུ་མོད་པོ་ཞིག་སྨིན་པ་རེད།

ཧོར་གྲོང་རྫོང་གིས་འབྲུ་རིགས་འདེབས་འཛུགས་དང་ཞིང་ཕྱུགས་ཟུང་འབྲེལ་ལ་སྐུལ་འདེད་བྱས་ཏེ་འཁོར་སྐྱོད་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འདེབས་འཛུགས་གསོ་སྤེལ་སྒྲིག་གཞིའི་སྔོན་འགྲོའི་འོག་ཐོན་ལས་སྒྲིག་གཞིའི་སྙོམས་སྒྲིག་ལ་ཤུགས་བསྣན་ཏེ། ལྕ་བ་དང་སྲད་དཀར། ཀླུ་བདུད་རྡོ་རྗེ་སོགས་ཀྲུང་བོད་རྩྭ་སྨན་འདེབས་འཛུགས་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་ཆེས་ཆེར་བཏང་ཞིང་། འདེབས་འཛུགས་ཁྱབ་ཁོངས་དེ་རི་ཁུལ་ཡོངས་ལ་ཁེབས་ཡོད། ད་ལོ་ཀྲུང་ལུགས་རྩྭ་སྨན་གྱི་འདེབས་འཛུགས་རྒྱ་ཁྱོན་དེ་མུའུ་ཁྲི8ལྷག་ལ་བུད་པ་དང་སྔོན་དཔག་ཐོན་ཚད་ནི་ཏུན་ཁྲི5.2ཀྱི་ཡན་ལ་སླེབས་ཡོད། མིག་སྔར་རྫོང་ཡོངས་སུ་ཀྲུང་ལུགས་རྩྭ་སྨན་འདེབས་འཛུགས་ཀྱི་ཆེད་ལས་མཉམ་ལས་ཁང15ཡོད་ལ། རྩྭ་སྨན་གྱི་ཐོན་ལས་ཁྲོད་དུ་ལས་ཀ་བྱེད་པའི་མི་གྲངས་ཁྲི2ལྷག་ལ་བུད་ཡོད། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར2.24ལ་བུད་པ་དང་སའི་རྒྱ་ཁྱོན་གྱི་ཟིན་ཚད་མུའུ127ལ་བུད་ཡོད། དེ་ཡང་དབུལ་སྐྱོར་ཐོན་ལས་འགྲེམས་སྟོན་ཕྱིར་འཚོང་དང་ཁྱད་ལྡན་ཐོན་རྫས་ལས་སྣོན། ཁེ་ལས་གསབ་སྦྱོང་། ཚོང་དོན་དངོས་ཟོང་བསམ་བློ་བརྗེ་རེས་སོགས་ཀྱི་ལྟེ་གནས་ཆེན་པོ་བཞིའི་ངོ་བོ་གཅིག་ཅན་གྱི་དབུལ་སྐྱོར་ཐོན་ལས་གླིང་གསར་འཛུགས་བྱས། དེ་མིན་ད་ལོའི་ཟླ7པའི་ནང་དངོས་སུ་ལས་འགོ་བརྩམས་ཤིང་ད་ལྟ་དེའི་ཁོངས་སུ་ཟབ་ཞུགས་བྱས་པའི་ཚོང་བ་དང་ཁེ་ལས་མཁན120ཡི་དབུལ་ཕོངས་མི་གྲངས180ལ་ལས་ཞུགས་མཁོ་སྤྲོད་བྱས་ཡོད། སྔོན་དཔག་ལྟར་ན་ཐོན་ལས་གླིང་གི་ལོ་གཅིག་གི་ཐོན་ཚད་ནི་སྒོར་དུང་ཕྱུར2.22ཡིན་ལ། དེས་དབུལ་ཕོངས་དུད་ཁྱིམ8108ཀྱི་དབུལ་ཕོངས་མི་གྲངས་ཁྲི2.4ལ་ལས་ཞུགས་སྤྲད་དེ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར2180ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཧོར་གྲོང་རྫོང་གིས་རི་སྐྱེས་རྒྱུད་སྤེལ་གསོ་ཕག་ཚད་ལྡན་ཅན་དང་དེང་རབས་ཅན། གཅིག་བསྡུས་ཅན་ལ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱས་ཤིང་། མཚོ་སྔོན་ཐའེ་ཧི་ཡོན་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་གསར་འཛུགས་བྱས་ཏེ་སྤྱིའི་མ་དངུལ་སྒོར་དུང་ཕྱུར7.8བཏང་ནས་རྒྱུད་སྤེལ་གསོ་ཕག་ཁྲི30ལྷག་གསོ་སྤེལ་བྱས་ཏེ་ཐོན་ལས་ཅན་ལ་བསྒྱུར་ནས་གནད་འཁེལ་དབུལ་སྐྱོར་སྣ་འཛོམས་གསར་སྤེལ་ལས་གཞི་བསྐྲུན་ནས། རྒྱུད་སྤེལ་གསོ་ཕག་ཁྲི30ལྷག་ལ་སྐྱེ་འཕེལ་རྟེན་གཞི1དང་རྒྱུད་སྤེལ་གསོ་ཕག་ཁྲི10ལ་གསོ་སྤེལ་རྟེན་གཞི3 དེ་མིན་ཕག་རྟུག་གཙང་སེལ་བྱས་ཏེ་སྐྱེ་ལྡན་ལུད་རྫས་བཟོ་གྲྭ་བཙུགས། གཟན་ཆས་བཟོ་གྲྭ་དང་ཕག་བཤའ་ས་སོགས་ཀྱང་ཡོད། ལས་གཞི་དེ་ཁྱོན་ཡོངས་ནས་འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས“ཀུང་ཟི+རྟེན་གཞི+མཉམ་ལས་ཁང+ཞིང་བའི་ཁྱིམ་ཚང”བཅས་ཀྱི་ཚོང་གཉེར་རྣམ་པ་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང4000ལྷག་གི་ཡོང་འབབ་སྒོར3000ཡན་ལ་སླེབས་ཡོད།

དེ་དང་ཆབས་ཅིག་ཧོར་གྲོང་རྫོང་གིས“ཞིང་བའི་འོད་སྣང་གིས་ཁ་གསབ་བྱེད་པ”བརྗོད་དོན་དུ་བཟུང་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་རོགས་འདེགས་སྐུལ་འདེད་བྱས། ཐང་ཀྲོན་ཁའེ་ཧྥུན་ཞིང་ལས་རྟེན་གཞི་ཡིས་མ་དངུལ་སྒོར་དུང་ཕྱུར2བཏང་སྟེ་ཤོང་ཚད་ལ་སྟོང་ཝ20ཡོད་པའི་འོད་ནུས་གློག་འདོན་ལས་གཞི་སྤེལ་བ་དང་རྣམ་པ་གསར་བའི་འོད་ནུས་ཞིང་ལས་དྲོད་ཚད་ཆེན་མོ137ལ་བཅོས་སྒྲིག་བྱས་ཏེ། གློག་གནོན110KVཡོད་པའི་གློག་འདོན་ས་ཚིགས1གིས་ལོ་རེར་གློག་འདོན་ཚད་ཏུའུ་གྲངས་ཁྲི3000ཡན་ལ་སླེབས་ཤིང་ཁེ་སྤོགས་ཡོང་འབབ་ནི་སྒོར2850ཡིན། རྒྱལ་ཁབ་ཀྱི་འོད་ནུས་གློག་འདོན་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ་རྟེན་གཞི་དང་དབུལ་སྐྱོར་སྡེ་ཁག་དག་ལ་འོད་ནུས་གློག་འདོན་གན་རྒྱ་བཞག་པ་དང་། ལོ་རེའི་འོད་ནུས་གློག་འདོན་གྱི་འཁོར་རྒྱུག་མ་དངུལ་སྒོར་ཁྲི425ཡིན་ཞིང་ཞིང་བ་ལས་བཟོ་བའི་ལས་ཕོགས་སྒོར་ཁྲི720ཡིན་ཞིང་འོད་ནུས་གློག་འདོན་དང་ཞིང་ལས་སྒྲིག་ཆས་ཀྱི་ཕན་འབྲས་མངོན་འགྱུར་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ཐད་ལ་ཟུང་འབྲེལ་བྱས་ཡོད།

དེ་ལས་གཞན་ཞིང་སྡེའི་བཅོས་སྒྱུར་ཐད་ལ་ཐོད་རྒལ་གྱི་འབྲས་བུ་བླངས་ཤིང་ཧོར་གྲོང་རྫོང་གིས་སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ས་ཁུལ་གྱི་འཆར་ལྡན་ཚོད་ལྟའི་བྱ་བ་དེ་ཡོངས་འགྲུབ་བྱས་ཡོད། དེ་མིན་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ཞིང་སྡེའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་གཏའ་མར་འཇོག་པའི་ཚོད་ལྟའི་བྱ་བ་དེ་ལེགས་པོར་བསྒྲུབས་ཡོད་པ་རེད། གྲོང་ཁྱེར་ཡོངས་ནས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དེ་ཡང་དག་པའི་སྒོ་ནས་ཐོ་འགོད་གསལ་བོ་བྱས་ཤིང་རྫོང་ཡོངས་ཀྱི་སྐུལ་འདེད་དང་ཞིང་སྡེའི་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོས་སྒྱུར་བྱ་བའི་ཚོད་ལྟའི་བྱ་བ་དེ་བསྒྲུབས་པ་རེད། རིམ་པ་ལྔའི་ཞིང་སྡེའི་སྣ་འཛོམས་བཅོས་སྒྱུར་དེ་ཞིང་ཆེན་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་བཅོས་སྒྱུར་བྱ་བའི་གསོག་འཇོག་གི་ཉམས་མྱོང་དང་ཆབས་ཅིག་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་ཞིག་བསྣན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།