མཚོ་ལྷོ་མང་རྫོང་གིས་སློབ་སྒྲུབ་རོགས་དངུལ་བྱིན་ནས་སློབ་གསོར་སྐུལ་འདེད་བྱེད་པའི་དབུལ་སྐྱོར་མཁྲེགས་གཏོར་ལ་ཤུགས་བསྣན་པ།

དེ་ཡང2016ལོ་ནས་བཟུང་མཚོ་ལྷོ་མང་རྫོང་གིས་ཁྱོན་ཡོངས་ནས་སློབ་གསོའི་དབུལ་སྐྱོར་བཟོ་སྐྲུན་ལག་བསྟར་བྱས་ཤིང་དེ་ཡང་ལམ་ཕྱོགས་མི་འདྲ་བ་གསུམ་ལ་བརྟེན་ནས་སློབ་སྒྲུབ་རོགས་སྐྱོར་མ་དངུལ་བསྡུ་རུབ་བྱས་ཏེ། ནུས་ཤུགས་གང་ཡོད་སྒོས་དབུལ་ཕོངས་སློབ་མ་སློབ་གྲྭར་འགྲོ་བ་དང་དབུལ་ཕོངས་ཀྱི་རྨང་གཞི་རྩ་གཏོར་བྱེད་པ། དབུལ་ཕོངས་ལས་ཐར་བར་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད་པ་རེད།

གཅིག་ནས་སྲིད་གཞུང་གིས་རོགས་སྒྲུབ་མ་དངུལ་བསྡུ་རུབ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བྱས་པ། ཧུར་ཐག་སྒོས་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་ལ་དག་སྒྲིག་གང་ལེགས་བྱས་ཤིང་ཆིའུ་ཅིན་སློབ་སྒྲུབ་རོགས་དངུལ་དང་། ཡ་ཅུའུ་ལི་སློབ་སྒྲུབ་རོགས་དངུལ། གཙང་གསུམ་འགོ་ཁུངས་ཁ་གསབ་རོགས་དངུལ་སོགས་མ་དངུལ་བསྡུ་རུབ་བྱས་ཏེ་ཁྱིམ་ཚང་དབུལ་ཕོངས་ཀྱི་མཐོ་འབྲིང་སློབ་མ་དང་སློབ་ཆེན་པ་མི་གྲངས1412ལ་སློབ་སྒྲུབ་རོགས་དངུལ་སྒོར་ཁྲི1050.6བྱིན་པ་རེད། གཉིས་ནས་ནན་ཏན་སྒོས་སློབ་སྒྲུབ་རོགས་དངུལ་དངུལ་བུན་གཏོང་བའི་འགྲོ་ལུགས་སྒྲུབ་པ། ཧུར་ཐག་སྒོས་སློབ་གསོའི་རོགས་སྒྲུབ་དངུལ་བུན་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་གང་ལེགས་བྱས་ཏེ་དངུལ་བུན་གཏོང་དགོས་པ་ལ་གང་ནུས་ཀྱིས་དངུལ་བུན་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་བསྡོམས་སློབ་ཆེན་སློབ་མ་མི་གྲངས1848ལ་རང་ས་གནས་ཀྱི་སློབ་སྒྲུབ་རོགས་དངུལ་དངུལ་བུན་སྒོར་ཁྲི922གཏོང་བའི་འགྲོ་ལུགས་ཡོངས་སུ་སྒྲུབ་སྟེ་དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་སློབ་ཆེན་སློབ་མ་སློབ་ཞུགས་བྱ་བའི་གནད་དོན་དེ་ཐག་གཅོད་གང་ལེགས་བྱས་པ་རེད། གསུམ་ནས་ནུས་ཤུགས་གང་ཡོད་སྒོས་སྤྱི་ཚོགས་སློབ་གསོའི་སློབ་སྒྲུབ་རོགས་དངུལ་བསྡུ་བ་དར་སྤེལ་བྱས་པ། དེ་ཡང་ན་གཞོན་ལས་བྱེད་པའི་རོགས་སྐྱོར་ཞལ་འདེབས་བསྡུ་བའི་སྣེ་ཁྲིད་འོག་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་མི་སྣ་གལ་ཆེན་དག་གི་རྒྱབ་སྐྱོར་ཆེན་པོའི་འོག་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་མི་གྲངས723ལ་དབྱང་ཀྲུའུ་སློབ་སྒྲུབ་རོགས་སྐྱོར་མ་དངུལ་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་ཚོང་ཚོགས་ཀུང་ཟིའི་སློབ་སྒྲུབ་རོགས་དངུལ། ཅང་སུའུ་ཚོང་དོན་ཚོགས་པ་དང་པའོ་ཡུན་ལུང་བརྩེ་བའི་བརྩེ་སེམས་མཐུན་ཚོགས་ཀྱི་སློབ་སྒྲུབ་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི82.2གནང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།