ཐེམ་ཆེན་རྫོང་བྱིས་སློབ་ཁང་གཉིས་པས་ན་ཆུང་བྱིས་པའི་དམངས་གླུ་འགྲན་བསྡུར་སྐབས་དང་པོ་སྤེལ།

ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོར། ཐེམ་ཆེན་ཡུལ་གྱི་ན་ཆུང་བྱིས་པའི་དམངས་གླུ་འགྲན་བསྡུར་སྐབས་དང་པོ་རྫོང་བྱིས་སློབ་ཁང་གཉིས་པ་ནས་སྤེལ་ལ། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་སློབ་གཙོ་ཐུབ་བསྟན་ཚེ་རིང་དང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཁ་བ་ལྷ་མོ། དགེ་རྒན་དོན་འགྲུབ་ཚེ་རིང་། གླུ་མ་ཆོས་སྐྱིད་སོགས་དཔྱད་འདེམས་པར་གདན་ཞུ་བྱས །

གདན་ཞུའི་དཔྱད་འདེམས་པ།

ཐེངས་འདིའི་འགྲན་བསྡུར་ལ་དམངས་གླུའི་ནང་དོན་དང་སྐད་ངག་གི་སྙན་ཆ། ལུས་ཀྱི་ཉམས་འགྱུར། སྨྲ་བརྗོད་ཀྱི་དག་ཆ། སྲོལ་རྒྱུན་གྱི་བོད་ལྭ་དང་འདོག་ཆ ། སྐ་རགས་བཅིངས་ཚུལ་སོགས་གནད་དུ་བཟུང་ཡོད་ལ ། བྱིས་པ་ཚོ་ཆ་རྐྱེན་དེ་དག་དང་བསྟུན་ནས་འགྲན་བསྡུར་ལ་ཞུགས།

འགྲན་ཞུགས་སློབ་མ།

འགྲན་ཞུགས་གླུ་མ་ཆུང་ཆུང་པ་སངས་སྒྲོལ་མ།

འགྲན་ཞུགས་གླུ་བ་ཆུང་ཆུང་འབྲུག་རྩེ་རྒྱལ།

འགྲན་ཞུགས་གླུ་མ་ཆུང་ཆུང་རྟ་མགྲིན་མཚོ།

འགྲན་ཞུགས་གླུ་བ་ཆུང་ཆུང་འབྲུག་བྱམས།

དགེ་རྒན་ལྷག་བསམ་རྒྱ་མཚོས་མདོ་འཛིན་བྱེད་བཞིན་པ།

རྫོང་བྱིས་སློབ་ཁང་གཉིས་པའི་དགེ་རྒན་ལྷག་བསམ་རྒྱ་མཚོས་བཤད་དོན། འདི་དང་འདི་ལྟ་བའི་སྲོལ་རྒྱུན་རིག་གནས་ཀྱི་བྱེད་སྒོ་མང་དུ་སྤེལ་དོན་ནི། བྱིས་སྐྱོང་ཁང་གཉིས་པའི་དགེ་བཟོ་བ་ཡོངས་ཀྱིས་ན་ཆུང་བྱིས་པ་ཚོའི་ཕ་སྐད་ཀྱི་རྨང་གཞི་ཇེ་བརྟན་དང་ཇེ་བཟང་དུ་གཏོང་བ། བྱིས་པའི་ལུས་སེམས་དང་སྐད་ཆ། གོམས་གཤིས ། ཚོར་བ ། བསམ་གཞིགས། འཆར་ཡན་བཅས་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བ་ཡིན་པ་མ་ཟད། བོད་ཀྱི་དམངས་གླུ་ལེན་སྟངས་དང་ཉམས་བཏོད་སྟངས་ཀྱི་ཐད་ནས་སློབ་སྦྱོང་ལེགས་པོ་ཞིག་བྱེད་པ། ཐེམ་ཆེན་རྫོང་གི་སྔོན་འགྲོ་སློབ་གསོ་འཕེལ་རྒྱས་དང་ན་ཆུང་བྱིས་པ་རྣམས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཆེད་གར་སྟེགས་འདི་དང་འདི་ལྟ་བུ་འདོན་སྤྲོད་བྱེད་གང་ཐུབ་བྱས་པ་ཡིན་ཟེར།

གསར་འགོད་པ། བཀྲ་ཤིས་རྒྱལ། གཅོད་པ་ཐར།