དཔའ་ལུང་གི“འཐེན་ཐུག་མི་སྣ”ཀྲུང་གོའི་ས་རྒྱུ་སློབ་ཆེན་དུ་འདུ་འཛོམས་བྱུང་བ།



ཟླ11པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དཔའ་ལུང་འཐེན་ཐུག་ཚོང་གཉེར་བདག་དོམ་ཤེས་ལྡན་མི་སྣའི་གསབ་སྦྱོང་འཛིན་གྲྭ་དེ་པེ་ཅིན་གྲོང་ཁྱེར་གྱི་ཀྲུང་གོའི་ས་རྒྱུ་སློབ་ཆེན་དུ་བསྡུ་བའི་མཛད་སྒོ་སྤེལ།“འཐེན་ཐུག་དཔལ་འབྱོར”དང་འབྲེལ་བའི་ལས་རིགས་འདྲ་མིན་ཐད་ཀྱི་ཤེས་ལྡན་མི་སྣ་དང་ཕྱིར་སྡོད་འཐེན་ཐུག་དཔལ་འབྱོར་ཞབས་ཞུའི་གཞུང་སྒྲུབ་ལས་བྱེད་མི་སྣ་སོགས་མི་གྲངས40ལྷག་ཐེངས་འདིའི་གསབ་སྦྱོང་ལ་ཞུགས་ཡོད། གསབ་སྦྱོང་འཛིན་གྲྭའི་དགོངས་དོན་གཙོ་བོ་ནི་འཐེན་ཐུག་ཤེས་ལྡན་མི་སྣའི་འཐེན་ཐུག་རྩལ་ནུས་མཐོར་འདེགས་སུ་གཏོང་བ་དང་འཐེན་ཐུག་ཚོང་གཉེར་མཁན་གྱི་རང་སྟེང་གི་བདག་དོམ་ཆུ་ཚད་ཡང་མཐོར་འདེགས་སུ་གཏོང་བ། རང་ཉིད་ཀྱིས་སྦྱངས་ཟིན་པའི་ཤེས་བྱ་དེ་དག་འཐེན་ཐུག་དཔལ་འབྱོར་རིམ་སྒྱུར་བྱ་བའི་རིམ་འཕར་ཁྲོད་ཞུགས་པར་སྐུལ་འདེད་བྱེད་པ། རྒྱུ་སྤུས་དང་ཕན་འབྲས་ཀྱི་ཁྱབ་ཁོངས་མཐོར་འདེགས་སུ་གཏོང་བ། གསོལ་ཁང་གི་རིག་གནས་དང་ཚོང་གཉེར་འདུ་ཤེས་ལ་ཤུགས་སྣོན་པ། སྤྱི་ཁྱབ་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཚོང་རྟགས་གྲགས་ཅན་གྱི་འདུ་ཤེས་བརྟན་པོར་འཛུགས་པ། ཚོང་རྟགས་གྲགས་ཅན་གྱི་མཐུད་སྦྲེལ་ཡན་ལག་དང་མཐོར་འདེགས་རིམ་འཕར་ལ་སྐུལ་འདེད་བྱེད་པ། ཁྲོམ་རའི་སྲོག་ཤིང་གི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། འཐེན་ཐུག་གི་དཔལ་འབྱོར་དེ་སྔར་ལས་ཆེས་ཆེར་བཏང་སྟེ་དབུལ་སྐྱོར་མཁྲེགས་གཏོར་གྱིས་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བར་རོགས་རམ་བྱེད་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།