ལོ་གཅིག་གི་ནང་མཚོ་ནུབ་ཁུལ་གྱི་ཤིང་ཏོག་དང་སྔོ་ཚོད་ཀྱི་ཐོན་ཚད་དེ་ཏུན་ཁྲི7.6ལ་བུད་པ།

ད་ལོར་མཚོ་ནུབ་ཁུལ་གྱིས་ཐོན་ལས་སྒྲིག་གཞིའི་ལེགས་སྒྱུར་ལ་སྙོམས་སྒྲིག་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་ཤུགས་བསྣན་ནས། ཞིང་ལས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་། དྲོད་ཁང་རྙིང་བ637ལ་ཡང་བསྐྱར་བཅོས་སྒྱུར་བྱེད་པ་བརྩོན་ལེན་བྱས་ཏེ་བཅོས་སྒྱུར་གྱི་འགན་འཁྲིའི་འགྲུབ་ཚད70%ལ་སླེབས། སྔོན་དཔག་སྡོམ་རྩིས་ལྟར་ན་ལོ་གཅིག་ནང་གི་ཤིང་ཏོག་དང་སྔོ་ཚོད་ཀྱི་ཐོན་ཚད་ནི་ཏུན་ཁྲི7.6ལ་བུད་པ་དང་། རང་སྟེང་ནས་མཁོ་འདོན་བྱས་པའི་ཚད་གཞི66%ལ་སླེབས། འདྲ་པར་འདི་ནི་ལས་བཟོ་བ་དག་གིས་དྲོད་ཁང་ནང་དུ་འབྲུ་སིལ་དམར་པོར་གཙང་དག་བྱེད་བཞིན་པའི་རྣམ་པ་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།