2018ལོའི་རྒྱལ་ཁབ“མི་ཁྲིའི་འཆར་འགོད”ཞེས་པའི་དགེ་རྒན་གྲགས་ཅན་གྱི་ཐོག་མའི་བདམ་ཐོན་མི་སྣ་སྤྱི་བསྒྲགས་བྱས་པ།

ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྱི་སྡེ་ཁག11གི《〈རྒྱལ་ཁབ་མཐོ་རིམ་འཇོན་མིའི་དམིགས་བསལ་རྒྱབ་སྐྱོར་འཆར་འགོད〉དཔར་འགྲེམས་བྱས་པའི་ཐད་ཀྱི་བརྡ་སྦྱོར》(ཀྲུང་དབྱང་རྩ་འཛུགས་པུའུ〔2012〕ཨང་རྟགས12པའི)འབྲེལ་ཡོད་གཏན་འབེབས་དང་རྒྱལ་ཁབ“མི་ཁྲིའི་འཆར་འགོད”ཆེད་དོན་གཞུང་སྒྲུབ་ཁང་གི་བླང་བྱ་གཞིར་བཟུང་སྟེ། མཚོ་སྔོན་རྩ་འཛུགས་པུའུ་ཡིས་ཞིང་ཆེན་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་སོགས་ཀྱི་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པའི2018ལོའི་རྒྱལ་ཁབ“མི་ཁྲིའི་འཆར་འགོད”ཞེས་པའི་དགེ་རྒན་གྲགས་ཅན་གདམ་པར་ཆེད་མཁས་པས་དཔྱད་བསྡུར་ཞིབ་བཤེར་བྱས་པ་བརྒྱུད། ཐོག་མའི་བདམ་ཐོན་མི་སྣ་བསྡོམས་པས98(དེ་ལས་མི2དམག་དཔུང་མ་ལག་ནས་རྐྱང་འདེམས་བྱས་པ་རེད)དང་ལོགས་སུ་བདམས་པའི་བསམ་བློ་དང་ཆབ་སྲིད་གཞུང་ལུགས་ཀྱི་བསླབ་ཚན་དགེ་རྒན3ཡོད། ད་ལྟ་སྤྱི་བསྒྲགས་བྱས་ཟིན། སྤྱི་བསྒྲགས་དུས་ཡུན2018ལོའི་ཟླ11པའི་ཚེས5ཉིན་ནས་ཟླ11པའི་ཚེས11ཉིན་བར་རེད། གལ་ཏེ་གདམ་བྱའི་མི་སྣར་བསམ་འཆར་ཡོད་ཚེ། སྤྱི་བསྒྲགས་དུས་ཡུན་ནང་མིང་བཀོད་དེ་བསམ་འཆརjsglc@moe.edu.cnལ་བསྐུར་དགོས། སྤྱི་བསྒྲགས་མཇུག་སྒྲིལ་རྗེས། ཐོག་མའི་བདམ་ཐོན་མི་སྣ་རྒྱལ་ཁབ“མི་ཁྲིའི་འཆར་འགོད”ཆེད་དོན་གཞུང་སྒྲུབ་ཁང་གིས་བསྐྱར་འདེམ་བྱས་ཏེ། མཇུག་མཐའི་བདམ་ཐོན་མི་སྣ་གཏན་འཁེལ་བྱ་རྒྱུ་རེད།

སློབ་གསོ་པུའུ་དགེ་རྒན་ལས་དོན་ཟི་ནས།

2018ལོའི་ཟླ11པའི་ཚེས2ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།