2018ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས6ཉིན། 2018ལོའི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གྱི་གསབ་སྦྱོང་འཛིན་གྲྭ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་པ་དང་ཞིང་ཆེན་ཡོངས་ཀྱི་མི་གྲངས100ལྷག་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གྱི་ཁྲོད་ཟབ་ཞུགས་བྱས་ཏེ་གཅིག་བསྡུས་སྒོས་གཟབ་སྦྱོང་སྤྲད་ཡོད། སློབ་སྦྱོང་དེ་སྔར་ལས་ཚན་རིག་གི་སྒྲིག་སྲོལ་དང་མཐུན་ཞིང་ལུས་རྩལ་གྱི་བདེ་ཐང་ཤེས་བྱར་སློབ་སྦྱོང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྣེ་ཁྲིད་དེ“མཉམ་དུ་འགུལ་སྐྱོད་ལ་འབད་བཞིན་བདེ་ཐང་གི་མཚོ་སྔོན་པ”བྱེད་པར་སྐུལ་འདེད་བྱས་ཡོད།

འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་སྟེང་ཞིང་ཆེན་ལུས་རྩལ་ཅུའུ་ཡི་སྐོར་གཡེང་གཟིགས་ཞིབ་མཁན་གཞོན་པ་ཀའོ་ཞའེ་ལེན་གྱིས་ངོ་སྤྲོད་བྱེད་རྒྱུར། རང་ཞིང་ལ་ད་ལྟའི་ཆར་རིམ་པ་སོ་སོའི་ཐོ་འགོད་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་མི་གྲངས་ཁྲི1.3ཡོད་ལ། ཁོ་ཚོ་མང་ཤོས་ནི་གཞི་རིམ་གྱི་རིམ་པ་དང་པོ་རུ་བསྡད་ནས་རྒྱ་ཆེའི་མང་ཚོགས་ལ་ཚན་རིག་གི་བདེ་ཐང་ལུས་སྦྱོང་ཐད་མཛུབ་སྟོན་ཞབས་ཞུ་མཁོ་སྤྲོད་བྱེད་བཞིན། ལུས་སྟེང་ན་བདེ་ཐང་ཡོད་པའི་དམངས་ཡོངས་ཀྱི་ལུས་པོའི་འགུལ་སྐྱོད་ལ་སྐུལ་འདེད་བྱས་ཏེ་འཕེལ་རྒྱས་སུ་བཏང་ཡོད། 2017ལོར་རང་ཞིང་དུ་ནམ་རྒྱུན་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ས་ཡ2ལྷག་བརྒལ་ཡོད་ལ། ཆ་སྙོམས་བྱས་ན་མི་གྲངས600ལ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གཅིག་རེ་མཁོ་སྤྲོད་བྱས་ཡོད། དེ་ཡང་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན་གྱི་གསབ་སྦྱོང་དང་སྣེ་ཁྲིད་འོག་སྤྱི་དམངས་རྒྱ་ཁྱབ་སྒོས་ལུས་རྩལ་ཞབས་བྲོ་དང་དགའ་འཁྱིལ་དྲག་རྩལ་སོགས་ཀྱི་རྣམ་གྲངས་བྱ་འགུལ་ཁྲོད་དུ་ཟབ་ཞུགས་བྱས་ཏེ་དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་དེ་མཐོ་སྒང་མིའི་འཚོ་བའི་བྱེད་ཐབས་ཤིག་ཏུ་གྱུར་ཡོད།

དམངས་ཡོངས་ཀྱི་ལུས་པོའི་སྦྱོང་བརྡར་གྱིས་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་བྱེད་པ། དམངས་ཡོངས་བདེ་ཐང་ཡིན་ན་ད་བཟོད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་ཐུབ་པ་རེད། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭས་བསླབ་གཞིའི་སློབ་ཁྲིད་དང་ཕྱི་རོལ་དུ་དཔེར་སྟོན་སོགས་ཀྱི་རྣམ་པ་བེད་སྤྱད་ནས། གཅིག་བསྡུས་ཀྱིས་རང་ཞིང་གི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་མཁན100ལ་གཟབ་སྦྱོང་བྱས་ཏེ་ཁོ་ཚོའི་རྗེས་ཕྱོགས་སུ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་བྱ་བར་སྔར་ལས་སྐུལ་འདེད་བྱས་ཏེ་ཚན་རིག་དང་སྒྲིག་སྲོལ། རྒྱུན་སྤྱོད། སྦྱངས་སླ་བ་སོགས་ཀྱི་སྒོ་ནས་རྒྱ་ཆེའི་མི་གྲངས་སྔར་ལས་མང་པོ་ཞིག་ལུས་རྩལ་བྱ་འགུལ་ཁྲོད་དུ་ཟབ་ཞུགས་བྱས་ཏེ་དམངས་ཡོངས་ཀྱི་ལུས་པོའི་སྦྱོང་བརྡར་ལུས་རྩལ་རྣམ་གྲངས་དེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་གཞུང་ཅན་ལ་འགྲོ་སྐྱོད་བྱེད་པ། བདེ་ཐང་དང་བདེ་ཐང་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཚན་རིག་གི་ལུས་པོའི་བདེ་ཐང་འདུ་ཤེས་དར་སྤེལ་གཏོང་བ། ཡོངས་ཁྱབ་སྒོས་བདེ་ཐང་ཤེས་བྱ་དང་ཚན་རིག་གི་ལུས་པོའི་བདེ་ཐང་བྱེད་ཐབས་བརྒྱུད་མི་རྣམས་བདེ་ཐང་ལ་དགའ་མོས་ཆེ་ཞིང་ལུས་སྦྱོང་ཤེས་པ། ལུས་སྦྱོངས་ལ་བརྩོན་པ་སོགས་ཀྱིས་ཚན་རིག་གི་བྱེད་ཐབས་གསར་བ་རྒྱ་བསྐྱེད་དེ་དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་དེ་ཚན་རིག་ཅན་གྱི་ཆུ་ཚད་ལ་འཕར་བར་མཐོར་འདེགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱིས་ལུས་རྩལ་མངོན་འགྱུར་བྱས་ཏེ་ཚན་རིག་ཅན་དང་རྒྱུན་ལྡན་ཅན། འཚོ་བ་ཅན་ལ་སྐུལ་འདེད་བྱས་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།