རང་ཞིང་གིས་དྲིལ་སྒྲོག་ལ་བརྟེན་ནས་ཁེ་ལས་ལེགས་སྒྱུར་ཚོང་དོན་ཁོར་ཡུག་གི་ཁུར་བོ་ཇེ་ཡངས་སུ་བཏང་པ།

རང་ཞིང་གིས་དྲིལ་སྒྲོག་ལ་བརྟེན་ནས་ཁེ་ལས་ལེགས་སྒྱུར་ཚོང་དོན་ཁོར་ཡུག་གི་ཁུར་བོ་ཇེ་ཡངས་སུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རྒྱལ་ཡོངས་ཀྱི་ཁེ་ལས་འགན་འཁྲི་ཇེ་ཡངས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དེ་ཟླ10པའི་ཚེས29ཉིན་བསྡུས་པ་རེད། གྲོས་ཚོགས་སྟེང་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཁེ་ལས་འགན་འཁྲི་ཇེ་ཡངས་སུ་གཏོང་བའི་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་དངོས་སུ་སྤེལ་འགོ་ཚུགས། ཟླ10པའི་ཚེས31ཉིན་ཞིང་ཆེན་དཔལ་འབྱོར་དང་བརྡ་འཕྲིན་ཅན་ཨུ་ཡོན་ཞིང་ཆེན་ཁེ་ལས་འགན་ཁུར་ཇེ་ཡངས་སུ་བཏང་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གི་སྣེ་ཁྲིད་འོག་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིན་སོགས་ཐེན་དང་ཅུའུ། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སོགས་ལས་ཁུངས19ཡིས། ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་འགན་འཁྲི་ཇེ་ཡངས་སུ་གཏོང་བའི་སྲིད་ཇུས་གཅིག་བསྡུས་སྒོས་དྲིལ་སྒྲོག་བྱས། དེ་དང་ཆབས་ཅིག་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་ཁྲོད་ཟབ་ཞུགས་བྱས་པ་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8 གསར་སྤེལ་ས་ཁུལ3བཅས་ཞུགས་ཡོད།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་བཅོས་སྒྱུར་གསར་སྐྲུན་དེ་བརྗོད་དོན་དུ་བཟུང་ནས་ལོ་འདི་དག་གི་རིང་ལ། ཀྲུང་དབྱང་གི་འདོན་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་དང་ཁོད་ཡངས་ཞབས་ཞུའི”བཅོས་སྒྱུར་གྱི་བཀོད་སྒྲིག་ལ་སྐུལ་འདེད་བྱས། ནང་སྒོས་སུ་ད་ལོའི《སྲིད་གཞུང་གི་བྱ་བའི་སྙན་ཞུའི》ཁྲོད་ཚད་ཆེན་པོའི་སྒོ་ནས་ཁེ་ལས་ཀྱི་དངུལ་བསྡུའི་འགན་འཁྲི་སོགས་སྲིད་ཇུས་ཀྱི་ཁུར་བོ་རབ་དང་རིམ་པ་ཇེ་ཡངས་སུ་གཏོང་བའི་བྱེད་ཐབས་བཏོན། དེ་མིན་འགན་བཅོལ་མ་དངུལ་གྱི་ཆེད་དོན་ཞིབ་བཤེར་དང་འབྲེལ་བའི་བཟོ་ཚོང་ལས་རིགས་ཀྱི་ཆེས་སྤྱིར་བཏང་གི་གློག་རིན་གྱི་རིམ་པ་གསུམ་པའི་དཔྱད་འཇོག་སོགས་བྱ་བ་གཙོ་བོར་ཕན་འབྲས་བླངས་ཏེ་ཁྱོན་ཡོངས་ནས་ཀློག་འགྲེལ་བྱས།

རང་ཞིང་གིས་དྲིལ་སྒྲོག་ལ་བརྟེན་ནས་ཁེ་ལས་ལེགས་སྒྱུར་ཚོང་དོན་ཁོར་ཡུག་གི་ཁུར་བོ་ཇེ་ཡངས་སུ་བཏང་པ།

ཉིན་དེར་དྲིལ་སྒྲོག་བྱ་འགུལ་ལ་ཟབ་ཞུགས་བྱས་པའི་ལས་ཁུངས་དག་གིས་འཕྲེད་དར་དང་དྲིལ་སྒྲོག་འགྲེམས་བྱང་འགྲེམས་སྟོན། དྲིལ་སྒྲོག་རྒྱུ་ཆ་འདོན་སྤེལ། འབྲེལ་ཡོད་སྲིད་ཇུས་ཀློག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་དངོས་སུ་ཁྱོན་ཡོངས་རང་བཞིན་སྒོས་གཅིག་བསྡུས་དྲིལ་སྒྲོག་བྱས། ཁེ་ལས་དག་ལ་རོགས་རམ་བྱས་ཏེ་འབྲེལ་ཡོད་དམིགས་གསལ་གཟིགས་སྐྱོང་སྲིད་ཇུས་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་གསར་བཟོ་བྱེད་པའི་དངོས་ཡོད་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔྱད་གླེང་མཁའ་དབུགས་ཤིག་བསྐྲུན་པ་རེད།

སྡོམ་རྩིས་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་དངོས་གཟུགས་དཔལ་འབྱོར་ཁེ་ལས་ཀྱི་མ་རྩ་སྒོར་དུང་ཕྱུར186ཇེ་དམའ་རུ་བཏང་ཤིང་། དམིགས་འབེན་གྱི་འགན་འཁྲིའི93%ལེགས་འགྲུབ་བྱུང་། ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གི་མུར་བསྟུན་ལེགས་སྒྱུར་མངོན་འགྱུར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་འཕར་སྣོན་གྱི་གནས་བབ་ལེགས་པོ་ལ་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས། ད་ལོའི་ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད8.6%ཡིན། ཟླ1-5པའི་བར་གྱི་སྤྱིའི་ཁེ་སྤོགས་ཀྱི་སྡུར་ཚད་ནི་ལོ་སྔོན་མ་ལས19.3%འཕར་ཡོད། ཚོང་གཉེར་གཙོ་བོའི་ལས་དོན་གྱི་ཡོང་འབབ་ཁེ་སྤོགས་དེ་ལོ་སྔོན་མ་ལས་བརྒྱ་ཆའི0.12གྱིས་འཕར་ཟིན། སྒོར་བརྒྱ་རེའི་ཚོང་གཉེར་ལས་དོན་གྱི་ཡོང་སྒོའི་ཁྲོད་རིམ་པ་གསུམ་གྱི་ཁྲལ་དངུལ་ནི་སྒོར11.36ཡིན་ལ། ལོ་སྔོན་མ་ལས་སྒོར1.91གིས་ཇེ་དམའ་རུ་སོང་ཡོད། ལས་ཁུངས་ཀྱི་མ་རྩའི་ཁྲལ་དངུལ་ནི་སྒོར93.07ཡིན་ཞིང་ལོ་སྔོན་མ་ལས་སྒོར0.19གིས་དམའ་རུ་སོང་ཡོད། དུས་ཚིགས་སྔོན་མ་གསུམ་གྱི་ནང་ཞིང་ཆེན་ཡོངས་ཀྱིས་ཁེ་ལས་ལ་རོགས་རམ་བྱས་ཏེ་མ་རྩ་ཇེ་དམའ་རུ་བཏང་བའི་ཚད་གཞི་ནི་ཕལ་ཆེར་སྒོར་དུང་ཕྱུར40ལྷག་ཡིན།

ཞིང་ཆེན་དཔལ་འབྱོར་གནས་ཚུལ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ད་ལོ་ནས་བཟུང་ཞིང་ཆེན་དཔལ་འབྱོར་གནས་ཚུལ་ཨུ་ལྷན་ཏེ། ཞིང་ཆེན་ཁེ་ལས་འགན་འཁྲི་ཇེ་ཉུང་དུ་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་བཏོན་པའི། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་རྩ་དོན་དུ་བཟུང་ཞིང་། སྣེ་ཁྲིད་དང་གཙོ་བོ་དམ་འཛིན་སྒོས་སྣ་འཛོམས་བྱ་བའི་འགན་ནུས་ལ་གྲོས་མཐུན་སྙོམས་སྒྲིག་བྱས་ཏེ། ཁེ་ལས་འགན་འཁྲིའི་བྱེད་ནུས་ཇེ་ཡངས་སུ་གཏོང་བའི་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་པའི་ཆེས་གནད་འགག་གི་བྱེད་ཐབས་ལ་སྐུལ་འདེད་བྱས་ཡོད། ཁེ་ལས་ཐོན་སྐྱེད་ཚོང་གཉེར་དཀའ་ཁག་སོགས་ཀྱི་ཆེས་གནད་འགག་གི་གནད་དོན་དམ་འཛིན་བྱས་ཏེ། སྣ་འཛོམས་ཀྱི་བཟོ་ལས་ལག་བསྟར་ཁྱབ་ཁོངས་ནས་མཁོ་འདོན་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་བཟོ་སྐྲུན་ལ་སྐུལ་འདེད་བྱས། ཁེ་ལས་ཀྱི་མ་རྩ་ཇེ་ཡངས་སུ་གཏོང་བའི་བྱ་བ་དེ་མཁོ་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པའི་ཆ་ནས་བྱ་བའི་བྱེད་ཐབས་ལེགས་སྒྱུར་ཞིབ་ཚགས་ཅན་ཏུ་བཏང་ཞིང་། ཁེ་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བའི་ཕན་འབྲས་མཐོར་འདེགས་སྒོས་དཔལ་འབྱོར་ཁེ་ལས་ཀྱི་འཕེལ་རྒྱས་ལེགས་སྒྱུར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དངོས་ཡོད་དཔལ་འབྱོར་གྱི་བརྟན་འཇགས་ཡོང་སྒོའི་འཕར་སྣོན་ལ་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།