པད་རྒྱལ་བཀྲ་ཤིས་ཀྱིས་གཅིག་སྒྲིལ་རྫོང་གི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།

 ཉེ་ལམ། མགོ་ལོག་ཁུལ་བསྐོས་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་པད་རྒྱལ་བཀྲ་ཤིས་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་རུ་སོང་ནས་སྨིན་ཐང་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་ཆུང་གི་ཚད་ལྡན་འཛུགས་སྐྲུན་འཆར་འགོད་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་།སྨིན་ཐང་ཡུལ་ཚོའི་བྱོལ་སྡོམ་སློབ་སྲུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་པད་རྒྱལ་བཀྲ་ཤིས་ཀྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་དམིགས་འབེན་འོས་འགན་ཇེ་ཞིབ་ཏུ་བཏང་ནས་བྱེད་ཐབས་ལག་བསྟར་དང་འོས་འགན་དངོས་འབེབས་བྱས་ཏེ་ཚད་ལྡན་གྱི་སློབ་གྲྭ་འཛུགས་སྐྲུན་དང་བྱོལ་སྡོམ་སློབ་སྲུང་བྱ་གཞག་ལ་དངོས་འབྲས་ལོན་པར་སྐུལ་འདེད་བྱ་དགོས་པར་བསྟན།

པད་རྒྱལ་བཀྲ་ཤིས་ཀྱིས་ནན་མོར་བཤད་པ་ལ།  ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་ཁུལ་ཡོངས་སུ་རྨང་གཞིའི་སློབ་གྲྭས་སློབ་སྒྲུབ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་ཀྱི་རྨང་གཞིའི་བྱ་བ་ཞིག་ཡིན་པར་མ་ཟད།  སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་དང་འཐུས་ཚང་ཅན་ཏུ་གཏོང་བ།ཁྱབ་ཆེ་ས་ནས་སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་ལ་དམིགས་པའི་གནད་འགག་གི་བྱེད་ཐབས་ཞིག་དང་ཡང་ན་སློབ་ལོ་རན་པའི་བྱིས་པ་རེ་རེ་ནས་འོས་འགན་སློབ་གསོ་ཆ་ཚང་ཞིག་རག་ཐུབ་པར་ཁག་ཐེག་གི་བཟོ་བཀོད་ཆེན་མོ་ཞིག་ཡིན་པས་སྟབས་ཀྱིས་འབྲེལ་ཡོད་སྡེ་ཁག་ནས་འཆར་འགོད་སྔོན་ཐོན་དང་།  སྒྲིག་སྟངས་ཚད་ལྡན་གྱི་སྒོ་ནས་སློབ་གྲྭའི་འཛུགས་སྐྲུན་གྱི་སྤུས་ཀ་ཁག་ཐེག་བྱེད་དགོས།སློབ་གྲྭའི་ཕྱི་ནང་གཉིས་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་ཏེ་སློབ་གྲྭ་དེ་ས་གནས་ཀྱི་སྤྱི་ཚོགས་དང་བསྡུར་ན་ཆེས་བདེ་སྐྱིད་ལྡན་པ་དང་ཆེས་ བདེ་འཇགས་ཡིན་པའི་གཞིས་ཁྱིམ་ལྟ་བུར་འཛུགས་སྐྲུན་བྱས་ནས་འོས་འགན་སློབ་གསོ་དོ་ མཉམ་འཕེལ་རྒྱས་ཀྱི་བྱ་བར་མདུན་འདེད་ལ་ཧུར་བརྩོན་བྱེད་དགོས།

ཡུལ་ཚོའི་ཏང་བསྐོས་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོ་དང་སློབ་གྲྭའི་མགོ་ཁྲིད་གཙོ་བོ་ནས་ལོ་རྒྱུས་ལ་འགན་ལེན་པ་དང་མང་ཚོགས་ལ་འགན་ལེན་པ།སློབ་གསོའི་ལས་དོན་ལ་འགན་ལེན་པའི་ལྷག་བསམ་བཟུང་ནས་དོན་དངོས་སུ་བྱས་རྗེས་རང་ཉིད་ཀྱིས་ཡིན་པའི་ངེས་པ་མེད་པའི་ཁུར་ལེན་གྱི་སྙིང་སྟོབས་ཆེན་པོ་དང་རང་རྟོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སློབ་གྲྭའི་བཟོ་བཀོད་ཀྱི་ཨར་ལས་སྤུས་ཀ་དང་མྱུར་ཚད་ལ་ལྟ་རྟོག་འགན་ཐོན་བྱེད་དགོས།

སྨིན་ཐང་ཡུལ་ཚོའི་མི་གྲངས་ལྟོས་བཅས་ཀྱི་གཅིག་བསྡུས་ཡིན་པ་དང་སློབ་གསོའི་ཐོན་ཁུངས་ལྟོས་བཅས་ཀྱི་གཅིག་བསྡུས་ཡིན་པའི་གནས་བབ་ཀྱི་ལག་ཆ་འདོན་སྤེལ་བྱས་ནས་བྱོལ་སྡོམ་སློབ་སྲུང་བྱ་བ་ཕན་འབྲས་སྲ་བརྟན་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། སློབ་གྲྭའི་སྲ་ཆས་འཛུགས་སྐྲུན་གྱི་ནུས་ཚད་ལ་ཤུགས་སྣོན་བྱས་ནས་མི་རིགས་སློབ་གསོའི་ཐབས་ཇུས་ལག་ལེན་དོན་འཁྱོལ་ལ་འབད་བརྩོན་བྱས་ཏེ་སློབ་གསོ་དབུལ་ཐར་གྱི་ཐབས་ཇུས་དངོས་འབེབས་ བྱེད་དགོས།

པད་རྒྱལ་བཀྲ་ཤིས་ཀྱིས་བསྟན་དོན། བྱོལ་སྡོམ་སློབ་སྲུང་ནི་ཁྲིམས་ལྟར་སློབ་གསོའི་འོས་འགན་ལག་ལེན་གྱི་ནང་དོན་གཙོ་བོ་ཞིག་དང་།བྱོལ་སྡོམ་སློབ་སྲུང་དེ་སློབ་ལོ་རན་པའི་བྱིས་པ་རེ་རེ་ནས་བརྒྱུད་རིམ་ཆ་ཚང་ཡིན་པའི་འོས་འགན་སློབ་གསོ་ཐོབ་ཐུབ་པར་འགྱུར་མེད་ཀྱི་བླང་བྱ་བརྟན་པོ་ཞིག་ཡིན་པར་མ་ཟད།གནད་འཁེལ་དབུལ་སྐྱོར་དབུལ་ཐར་གྱི་བྱ་བའི་ཁྲོད་ཀྱི་འགག་སྒོའི་དམིགས་ཚད་ཞིག་ཡིན།དེ་ལས་ཀྱང་རིམ་པ་སོ་སོའི་ཏང་བསྐོས་སྲིད་གཞུང་ནས་མི་དམངས་ལ་འགན་འཁུར་མིན་དང་ལོ་རྒྱས་ལ་འགན་འཁུར་མིན་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཡུལ་ཚོའི་ཏང་བསྐོས་སྲིད་གཞུང་གིས་དྲིལ་སྒྲོག་གི་ནུས་ཚད་ལ་ཤུགས་སྣོན་བྱས་ནས་སློབ་གྲྭ་དང་ཁྱིམ་ཚང་།སྤྱི་ཚོགས་བཅས་ནས་མཉམ་གཅིག་ཏུ་བྱོལ་སྡོམ་སློབ་སྲུང་བྱ་བ་ནན་འཛིན་གྱི་ཁོར་ཡུག་ཅན་གྱི་སྤྱི་ཚོགས་སྟོབས་ཤུགས་ལེགས་པོ་ཞིག་ཆགས་ཐུབ་པར་ཧུར་བརྩོན་བྱེད་དགོས། བྱོལ་སྡོམ་སློབ་སྲུང་གི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་ལག་ལེན་ནན་མོ་བྱེད་དགོས་པ་དང་།སློབ་གསོའི་དམངས་ཕན་སྲིད་ཇུས་ལག་ལེན་གནད་ཁེལ་བྱས་ནས་རིགས་སོ་སོའི་སློབ་་སྐྱོར་སྲིད་ཇུས་ཁྱོན་ཡོངས་ལ་་ཁེབས་པར་བྱེད་དགོས་པ་དང་།དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་གཅིག་ཀྱང་དབུལ་ཐར་གྱི་ལམ་ནས་མི་ལྷག་པར་བྱེད་དགོས།ཆེས་མཐོ་སའི་དམིགས་ཚད་ནས་སློབ་གསོའི་རིག་སྐྱོར་དང་དབུལ་སྐྱོར་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཧུར་ཐག་གིས་བྱོལ་སྡོམ་སློབ་སྲུང་ལས་དོན་ལེགས་པོར་བསྒྲུབ་ནས་སློབ་བྱོལ་འགན་སྲུང་དོ་དམ་དང་སྒྲིག་གཞིའི་འོས་འགན་དམ་འཛིན་བྱས་ཏེ་སློབ་སྒྲུབ་གོ་རིམ་ཁྲོད་སློབ་བྱོལ་མི་བྱེད་པར་འགན་སྲུང་བྱེད་དགོས།འོས་འགན་ཁུར་ལེན་གྱིས་སློབ་བྱོལ་མེད་པར་བླང་བྱ་བཏོན་ནས་འོས་འགན་སློབ་གསོའི་སྐས་རིམ་དུ་སློབ་བྱོལ་མེད་པར་ཁག་ཐེག་ཡོང་དགོས།སློབ་གྲྭའི་ཉིན་རྒྱུན་བྱ་བའི་དོ་དམ་ལ་ཤུགས་བརྒྱབ་ནས་སློབ་གྲྭའི་བདེ་འཇགས་བྱ་བ་ལེགས་པོ་བསྒྲུབ་ཏེ་རྒྱ་ཆེའི་དགེ་རྒན་ཡོངས་ཀྱི་ཏང་ལ་བློ་དཀར་བྱས་ནས་འོས་འགན་ལས་དོན་ལེགས་པོར་བསྒྲུབ་དགོས།ནན་ཏན་གྱིས་སློབ་གསོའི་སློབ་ཁྲིད་ལས་དོན་ལེགས་པོར་བསྒྲུབ་ནས་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

གསར་འགོད་པ། ཀླུ་དབང་།