བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས“གསར་བརྗེའི་རིགས”ཀྱི་ཉར་ཚགས་རིག་དངོས་བསྡུ་རུབ་བྱེད་པའི་བརྡ་སྦྱོར།

བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་གསར་བརྗེའི་རིགས་ཀྱི་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ། བོད་ལྗོངས་བཅིངས་འགྲོལ་དང་བོད་ལྗོངས་འཛུགས་སྐྲུན་གྱི་རླབས་ཆེ་བའི་ལོ་རྒྱུས་ཁྲོད། རང་རེའི་ཏང་དང་རང་རེའི་དམག་དཔུང་གིས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་བྱས་པའི་ལོ་རྒྱུས་ཀྱི་བྱས་རྗེས་དྲིལ་སྒྲོག་དང་འགྲེམས་སྟོན་བྱ་བ་འཐུས་ཚང་ཞིག་སྤེལ་ཆེད། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་གསར་བརྗེའི་རིག་དངོས་བསྡུ་རུབ་བྱེད་པའི་བཀོད་ཁྱབ་སྤེལ། དེ་མིན་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བོད་ལྗོངས་ཀྱི་གསར་བརྗེའི་རིག་དངོས་བསྡུ་རུབ་བྱེད་རྒྱུ་ཡིན་པ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསར་བརྗེའི་རིག་དངོས་བསྡུ་རུབ་ཁྲོད་ཁྲིམས་མཐུན་གྱི་མི་སྒེར་དང་ཁྲིམས་མི། དེ་མིན་གཞན་པའི་རྩ་འཛུགས་ཀྱིས་བསྡུ་རུབ་བྱས་པ་ཡིན་ལ། ཏང་ཀྲུང་དབྱང་གིས་བོད་ལྗོངས་ས་ཁུལ་གྱི་ས་གནས་སོ་སོར་གསར་འཛུགས་བྱས་པའི་རིམ་པ་སོ་སོའི་སྲིད་འཛིན་སྒྲིག་གཞིའི་བྱ་དངོས་མཚོན་པའི་ཡིག་ཚགས། རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་ཀྱིས་བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྒྲིག་འཛུགས་དང་ལས་ཁུངས། མི་སྒེར་བཅས་ལ་གནང་བའི་ལེགས་སྐྱེས་སོགས། བོད་ལྗོངས་བོད་རིགས་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་མི་སྣའི་དངོས་པོ་དང་ཡིག་ཚགས། བོད་ལྗོངས་བཅིངས་འགྲོལ་དང་བོད་ལྗོངས་འཛུགས་སྐྲུན་གྱི་གྲོས་ཚོགས་གལ་ཆེན་མཚོན་པའི་ཡིག་ཚགས། དོན་རྐྱེན་གལ་ཆེན་དང་དེ་མིན་མི་སྣ་གྲགས་ཅན་གྱིས་གསར་བརྗེ་བྱ་འགུལ་སྤེལ་བའི་དངོས་དཔེ་དང་ཡིག་ཚགས། མི་དམངས་བཅིངས་འགྲོལ་དམག་བོད་ལྗོངས་སུ་སྐྱོད་ནས་བོད་ལྗོངས་བཅིངས་འགྲོལ་བྱས་པ། གཞུང་ལམ་དང་ཟམ་པ་སོགས་ལས་པ། རྒྱལ་ཁབ་ཀྱི་མཐའ་ཁུལ་སྲུང་བའི་དངོས་དཔེ་དང་ཡིག་ཚགས། དེ་མིན་གསར་བརྗེའི་དང་འབྲེལ་བའི་རིག་དངོས་སོགས།

གསར་བརྗེའི་རིག་དངོས་བསྡུ་རུབ་ཀྱི་ཁོངས་སུ་དུས་དེབ་དང་དཔེ་ཆ། བསྒྲགས་བྱང་། བརྡ་ཡིག ཡིག་ཆ། ལག་བྲིས། མ་ཕྱི།  ཁ་བྱང་། དཔང་ཡིག ཁ་བྱང་ཡིག་གཟུགས། ཉིན་ཐོ། འཕྲིན་ཡིག བསྐྱིས་ཡིག ཐམ་ཀ འཛིན་ཤོག རྩིས་ཐོ། དངུལ་ལོར། ཤོག་སྒོར། མཚན་རྟགས། ས་ཁྲ། ཡིག་ཚགས། མཚོན་ཆ་འདྲ་མིན། སྔོན་གཤེགས་དཔའ་བོའི་སྐུ་པར་དང་ཤུལ་བཞག་དངོས་པོ། དཔའ་བོའི་དཔེར་མཚོན་མི་སྣ་དམག་མི་དང་མི་དམངས་ཀྱི་འདྲ་པར། ཡོ་ཆས། ལོ་རྒྱུས་ཀྱི་འདྲ་པར་སྣ་ཚོགས། སྒྱུ་རྩལ་བརྩམས་ཆོས་སོགས་ཡིན།

ཐེངས་འདིའི་གསར་བརྗེའི་རིག་དངོས་བསྡུ་རུབ་ཀྱིས་ཉོ་བསྡུ་དང་ཞལ་འདེབས་གཙོར་བཟུང་ནས་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་མི་སྣ་དག་གིས་རིག་དངོས་མཁོ་སྤྲོད་ཀྱི་ཁུངས་སྣེ་མཁོ་སྤྲོད་བྱེད་པར་དགའ་བསུ་ཞུ།

འབྲེལ་གཏུག་བྱེད་ས། ཧི་ཞའོ་ཏུང་དང་བློ་བཟང་ཉི་མ།

ཁ་པར་ཨང་གྲངས། 13908915262 13989917111

ལོ་ཙཱ་བ། ལྷ་དཔལ་སྐྱབས།