མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་ཁང(ཞིང་སྡེའི་ཚོང་ལས་དངུལ་ཁང)གིས་ལས་མི327བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་ཁང(ཞིང་སྡེའི་ཚོང་ལས་དངུལ་ཁང)ནི་ཞིང་ཆེན་སྲིད་གཞུང་འགོ་ཁྲོད་འོག་གི་ས་གནས་དངུལ་རྩའི་ལས་ཁུངས་ཞིག་ཡིན། ད་སྔར། ཞིང་ཆེན་ཡོངས་ལ་བསྡོམས་པས་ཞིང་སྡེའི་ཚོང་ལས་དངུལ་ཁང20དང་ཞིང་སྡེའི་ཡོད་རྟོན་ཁང10། (2019ལོར་ཁྱོན་ཡོངས་ནས་ཞིང་སྡེའི་ཚོང་ལས་དངུལ་ཁང་ལམ་ལུགས་སུ་བསྒྱུར་རྒྱུ་རེད།)ཚོང་གཉེར་དྲ་ཚིགས382དང་ལས་ཞུགས་མི་སྣ4400ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་དྲ་ཚིགས་དང་ལས་ཞུགས་མི་སྣ་ཆེས་མང་ལ། ཞབས་ཞུའི་ཁྱབ་ཁོངས་ཆེས་རྒྱ་ཆེ་བའི་ཕྱོགས་བསྡུས་རང་བཞིན་དང་ནུས་མང་གི་དངུལ་ཁང་དངུལ་རྩའི་ལས་ཁུངས་ཞིག་ཡིན། ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལས་མི327བསྡུ་རྒྱུ་རེད། (ཕོ་མོ་ལས་བསྡུའི་བསྡུར་ཚད1:1)

གཅིག ལས་བསྡུའི་ཆ་རྐྱེན།

1ཀྲུང་གོ་གུང་ཁྲན་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ལ་སྲུང་སྐྱོབ་བྱེད་པ། མི་གཤིས་ལེགས་ཤིང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ།

2.ལུང་ཕུང་བདེ་ཐང་ཡིན་དགོས་ལ། སྐད་ཆ་དང་ཡི་གེ་འབྲེལ་འདྲིས་ནུས་པ་ཅུང་ལེགས་པོ་ལྡན་དགོས།

3.ཞིང་སྡེའི་དངུལ་རྩའི་ལས་དོན་ལ་དགའ་ཞིང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་པ།

4. མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་ལ་མིང་ཐོ་འགོད་ན། སྐབས་སྔོན་མའི་ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས། ཟི་ལིང་དང་མཚོ་ཤར་ས་ཁུལ(ཟི་ལིང་། རྟ་ཐང་། ཙོང་ཁ། སྟོང་སྐོར། དམར་གཙང་། ལུང་མདོ། གཞུང་ཐང་། ཧོར་གྲོང་། ཡ་རྫི། བ་ཡན།)ལ་མིང་ཐོ་འགོད་ན། སྐབས་སྔོན་མའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས། ས་ཁུལ་གཞན་པར་མིང་ཐོ་འགོད་ན་སྐབས་སྔོན་མའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཆེད་སྦྱོང་བསླབ་གནས་ལྡན་དགོས། ཁ་རྒྱུགས་སྔོན་ལ་མཐར་ཕྱིན་འཛིན་ཡིག་གི་མ་ཡིག་དངོས་མ་དང་བསྐྱར་དཔར་ངེས་པར་དུ་འདོན་སྤྲོད་བྱ་དགོས།

5.དངོས་གཞི་དང་ཆེད་སྦྱོང་བསླབ་གནས་ཀྱི་ལོ་ཚད1994ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས་ལ། ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་ལྡན་པའི་ལོ་ཚད1990ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས། དངུལ་ཁང་ལས་རིགས་ནས་ལོ་གཉིས་ཡན་གྱི་ལས་ཞུགས་ཉམས་མྱོང་ལྡན་ན་མིང་ཐོ་འགོད་སའི་བསླབ་གནས་ལོ་ཚད་ཀྱི་ཆ་རྐྱེན་སྟེང་ལོ4ཇེ་རིང་དུ་གཏང་ཆོག (ལས་ཞུགས་བདེན་དཔང་འདོན་སྤྲོད་བྱ་དགོས།)

གཉིས། རིག་གནས་ཆེད་ལས་ཐད་ཀྱི་ཆ་རྐྱེན།

1.དཔལ་འབྱོར་རིག་པ་དང་ནོར་སྲིད་རིག་པ། དངུལ་རྩ་རིག་པ། དཔལ་འབྱོར་དང་ཉོ་ཚོང་རིག་པ། ཁྲིམས་ལུགས་རིག་པ། སྤྱི་ཚོགས་རིག་པ། ཀྲུང་གོ་སྐད་ཡིག་རྩོམ་རིག རྩིས་རིགས། བསྡོམས་རྩིས་རིག་པ། རྩིས་འཁོར། དོ་དམ་ཚན་རིག་དང་བཟོ་སྐྲུན། བཟོ་ཚོང་དོ་དམ། ཞིང་ལས་དཔལ་འབྱོར་དོ་དམ། སྤྱི་གཞུང་དོ་དམ། དཔེ་དེབ་གསང་འཕྲིན་དང་ཡིག་ཚགས་དོ་དམ་དང་གློག་རྡུལ་ཚོང་དོན་བཅས་ཀྱི་ཆེད་ལས་ཡིན་དགོས། (གཞི་འཛིན་ས་སློབ་གསོ་པུའུ《མཐོ་རིམ་སློབ་གྲྭ་དཀྱིས་མའི་ཆེད་ལས་མིང་ཐོ》ཡིན།)

2. མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་གི་ལས་བསྡུའི་ཆེད་ལས་ནི་རྩིས་འཁོར་དང་ཁྲིམས་ལུགས་རིག་པ། རྩིས་བཤེར་རིག་པ་དང་དངུལ་རྩ་རིག་པ(དངུལ་རྩའི་ཁྲོམ་རའི་ལས་དོན་གྱི་འབྲེལ་ཡོད་ཆེད་ལས།)ཡིན་དགོས།

3. མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ(ཡུལ་ཤུལ། མགོ་ལོག རྨ་ལྷོ།)མིང་ཐོ་འགོད་ན། ས་གནས་དེ་གའི་ཁྱིམ་ཐོ་ཡོད་པ་དང་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་དགོས། ཡིག་རྒྱུགས་སྟེང་སྐར་མ5བསྣོན་ངེས།

4.ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་གཙོ་བོའི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ། ལས་མི་གསར་པ་བསྡུ་པའི་གཞི་རྩའི་ཆ་རྐྱེན་ལྡན་ཚེ་སྔོན་ལ་ལས་བསྡུ་བྱ་ངེས། (དབུལ་ཕོངས་བདེན་དཔང་འདོན་སྤྲོད་བྱ་དགོས།)

5. ཐོ་འགོད་རྩིས་གཉེར་པ་དང་ཐོ་འགོད་ཁྲལ་དོན་པ། ཐོ་འགོད་རྩིས་བཤེར་པ། ཁྲིམས་ལུགས་ལས་རིགས་ཐོབ་ཐང་ལག་རྟགས་ལྡན་པའི་ཕུལ་བྱུང་འཇོན་མི་ལ་འདྲ་མཉམ་ཆ་རྐྱེན་འོག་སྔོན་ལ་ལས་བསྡུ་བྱ་ཆོག

གསུམ། ལས་བསྡུའི་གོ་རིམ།

ལས་བསྡུའི་སྤྱི་བསྒྲགས་བྱ་བ་དེ་མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་དང་ཀྲི་ལེན་ལས་བསྡུའི(智联招聘)རྩ་འཛུགས་ལག་བསྟར་ལྟར། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་དང་ཁ་རྒྱུགས། ལུས་ཕུང་བརྟག་དཔྱད་དང་ལས་བསྡུ་སོགས་ཀྱི་གཏན་འབེབས་བྱས་པའི་གོ་རིམ་ལྟར་ལས་བསྡུ་བྱ་རྒྱུ་རེད།

བཞི། མིང་འགོད་པའི་དུས་ཚོད།

2018ལོའི10པའི་ཚེས17ཉིན་གྱི་དུས་ཚོད9:00—ཟླ10པའི་ཚེས31ཉིན་གྱི་དུས་ཚོད18:00བར་རེད།

ལྔ། མིང་ཐོ་འགོད་སྟངས།

མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་དྲ་ཚུགས(www.qhrccb.com)དང་ཀྲི་ལེན་ལས་བསྡུའི་དྲ་ཚུགས(智联招聘官网)(www.zhaopin.com)བརྒྱུད་ནས་མིང་ཐོ་འགོད་དགོས། མིང་ཐོ་བཀོད་རྗེས་ཐད་ཀར་དུ་ཐོ་འགོད་བྱས་ཏེ་མིང་ཐོ་བཀོད་པའི་པའི་གནས་ཚུལ་ལྟ་བཤེར་བྱ་ཆོག

དྲུག རྒྱུགས་ལེན་པའི་དུས་ཚོད།

ཡིག་རྒྱུགས་དང་ཁ་རྒྱུགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ལེན་རྒྱུ། ཞིབ་ཕྲའི་དུས་ཚོད་དང་ས་གནས་བརྡ་སྦྱོར་སྤེལ་ངེས།

བློ་འདྲི་བྱ་ཡུལ།

མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་། 0971-8178209

ཀྲི་ལེན་ལས་བསྡུ།(智联招聘)028-65595888ལ་ཁ་པར་བཏང་རྗེས་ཨང་གྲངས“5”བསྣོན་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།