མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་མ་དཔེ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིང〔2018〕ཡིག་ཨང་80བ།

   གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང། ཅུས་སོ་སོ་བཅས་ལ།

   སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བརྒྱུད་རིམ་ཇེ་ལེགས་དང། སྨན་བཅོས་ཉམས་ལེན་ཇེ་བཟང་དུ་གཏང་ཆེད། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། “སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་མ་དཔེ་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག ལག་བསྟར་ཁྱབ་ཁོངས་དང་ཞབས་ཕྱི་བསྒྲུབ་ཡུལ།

(གཅིག) ལག་བསྟར་ཁྱབ་ཁོངས་ནི། ཞིང་ཆེན་དང་གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ལྷན)གི་གཞུང་གཉེར་སྨན་བཅོས་ལས་ཁུངས་(ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་གི་སྨན་ཁང་འདུ)དང་ཤང་ངམ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྲིད་གཞུང་གིས་གཉེར་གྱིན་པའི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཕྱི་ལྟེ་གནས་ཡིན།

(གཉིས།) ཞབས་ཕྱི་བསྒྲུབ་ཡུལ་ནི། མཁར་གྲོང་གི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ། མཁར་གྲོང་གི་ལས་བཟོ་པའི་བུ་བཙའི་འགན་བཅོལ་བཅས་ལ་ཞུགས་ཡོད་པའི་སྡོད་བཅོས་ནད་པ་དང། ལས་ཀ་པ་བཀོལ་མཁན་ལས་ཁུངས་ལ་སྨན་བཅོས་གྲོས་ཆིངས་བཞག་ཡོད་པའི་ལས་རྨས་ནད་པ། “གསུམ་མེད”ནད་པ(མིང་དང་སྡོད་གནས་སོགས་ཐོབ་ཐང་དཔང་ཡིག་མེད་པ་དང་། འགན་འཁུར་མཁན་གྱི་ལས་ཁུངས་ལམ་མི་སྣ་མེད་པ། མྱུར་སྐྱོབ་སྨན་བཅོས་ཀྱི་གྲོན་དངུལ་མེད་པའི་ནད་པ)། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཁྲོད་མྱུར་དུ་སྲོག་སྐྱོབ་སྨན་བཅོས་བྱ་དགོས་པའི་ནད་པ། སྨན་བཅོས་ལས་ཁུངས་ཀྱིས་ཁས་ལེན་བྱས་པའི་མི་སྣ་གཞན་དག་བཅས་ཡིན།

ォསྤྱི་ཚོགས་འགན་བཅོལ་བཅའ་ཁྲིམསサཀྱི་གཏན་འབེབས་ལྟར་ན། སྨན་བཅོས་ཀྱི་གྲོན་དངུལ་དེ་ཕྱོགས་གསུམ་པའི་མིས་འཁུར་དགོས་པའི་ནད་པ(གཙོ་བོ་ཕྱོགས་གསུམ་པའི་མིས་ཁེ་དབང་ལ་གནོད་འཚེ་བཏང་རྐྱེན་འགན་བཅོལ་དུ་ཞུགས་མཁན་ཀྱི་མི་ལུས་ལ་གནོད་སྐྱོན་བཟོས་ཏེ་སྨན་བཅོས་གྲོན་དངུལ་བྱུང་བ་དང་། སྨན་བཅོས་གྲོན་དངུལ་དེ་ཁེ་དབང་ལ་གནོད་འཚེ་གཏོང་མཁན་གྱིས་འཁུར་དགོས་པ་ལས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ལས་མི་གཏོང་བའི་རིགས་ལ་བསྟན་པ་ཡིན།)དང་། འགན་བཅོལ་དུ་ཞུགས་མེད་པའི་མི་སྣ་དང་བྱེད་རྒྱུག་མི་སྣ་སོགས་ལ། མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་གཞིགས་ནས་སྨན་བཅོས་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྲོག་སྐྱོབ་སྨན་བཅོས་བྱ་དགོས་མོད། འོན་ཀྱང“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་མ་དཔེའི་ནང་དུ་མི་འཇོག་པར། སྔར་བཞིན་སྔོན་ཆད་གཏན་འབེབས་བྱས་ཡོད་པ་ལྟར་ལག་བསྟར་བྱ་དགོས།

གཉིས། ཞབས་ཕྱི་སྒྲུབ་སྟངས་འཐུས་ཚང་དུ་གཏང་དགོས།

(གཅིག) ཞབས་ཕྱིའི་བརྒྱུད་རིམ་ཚད་ལྡན་དུ་གཏང་དགོས། རིམ་པ་སོ་སོའི་གཞུང་གཉེར་སྨན་བཅོས་ལས་ཁུངས་ཀྱིས་ནད་པར་སྡོད་བཅོས་ཀྱི་འགྲོ་ལུགས་སྒྲུབ་པའི་སྐབས་སུ། འགན་བཅོལ་དུ་ཞུགས་པའི་ནད་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་དང་། ཐོབ་ཐང་ལག་ཁྱེར་རམ་ཁྱིམ་ཐོ། དམའ་སྲུང་ལག་ཁྱེར། ལྔ་སྲུང་ལག་ཁྱེར། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་གཟིགས་སྐྱོང་གསབ་དངུལ་ལག་ཁྱེར་སོགས་དཔང་ཡིག་གོ་ཆོད་དག་གཞིར་བཟུང་སྟེ་ནད་པའི་འགན་བཅོལ་དུ་ཞུགས་པའི་ཐོབ་ཐང་དང་རོགས་སྐྱོབ་བྱ་ཡུལ་གྱི་ཐོབ་ཐང་ལ་ཞིབ་དཔྱད་བྱ་དགོས་པ་དང་། ཆ་རྐྱེན་དང་འཚམ་པའི་ནད་པォསྨན་ཁང་དུ་སྡོད་པའི་གྲོན་དངུལ་བསྡོམས་རྩིས་གྲོས་ཆིངསサའཇོག་དགོས། སྨན་ཁང་གིས་ནད་པ་སྨན་ཁང་ནས་ཕྱིར་མ་བུད་གོང་གི་ཉིན་གཅིག་གི་སྔོན་ལ་བཙོངས་འཛིན་དང་སྤྱིའི་གྲོན་དངུལ་གསལ་ཐོ་འདོན་སྤྲོད་བྱ་དགོས་པ་དང་། ནད་པའམ་དེའི་ནང་མི་སྨན་བཅོས་ལས་ཁུངས་ཀྱི་ཕྱིར་འབུད་འགྲོ་ལུགས་སྒྲུབ་གནས་སུ་སོང་ནས་སྨན་ཁང་ནས་འབུད་པའི་བསྡོམས་རྩིས་འགྲོ་ལུགས་རྒྱག་པ་དང་། རང་སྤྲོད་གྲོན་དངུལ་སྤྲད་དགོས། སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཀྱིས་རྩིས་ཞུ་བརྒྱབ་པའི་གྲོན་དངུལ་དེ་སྨན་བཅོས་ལས་ཁུངས་ཀྱིས་དུས་བཅད་ལྟར་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་དམངས་སྲིད་སྡེ་ཁག་ལ་བསྡོམས་རྩིས་བརྒྱག་དགོས།

(གཉིས།) ནད་པའི་ལག་ནས་རང་སྤྲོད་གྲོན་དངུལ་བསྡུ་ལེན་བྱས་ཆོག འགན་བཅོལ་དུ་ཞུགས་པའི་ནད་པ་གཞན་དག་ཡིན་ན། རིམ་པ་གསུམ་པའི་སྨན་བཅོས་ལས་ཁུངས་ཀྱི་སྡོད་བཅོས་ནད་པའི་རང་སྤྲོད་གྲོན་དངུལ་སྒོར4000ལ་བསླེབས་པ་(སྡོད་བཅོས་ཀྱི་ཐོག་མའི་གྲོན་དངུལ་སྤྲོད་ཚད་འདུ།)དང་། རིམ་པ་གཉིས་པའི་སྨན་བཅོས་ལས་ཁུངས་ཀྱི་སྡོད་བཅོས་ནད་པའི་རང་སྤྲོད་གྲོན་དངུལ་སྒོར་2500ལ་བསླེབས་པ་(སྡོད་བཅོས་ཀྱི་ཐོག་མའི་གྲོན་དངུལ་སྤྲོད་ཚད་འདུ།)དང་། རིམ་པ་དང་པོའི་སྨན་བཅོས་ལས་ཁུངས་ཀྱི་སྡོད་བཅོས་ནད་པའི་རང་སྤྲོད་གྲོན་དངུལ་སྒོར500ལ་བསླེབས་པའི(སྡོད་བཅོས་ཀྱི་ཐོག་མའི་གྲོན་དངུལ་སྤྲོད་ཚད་འདུ།)སྐབས་སུ། སྡོད་བཅོས་བྱེད་སྐབས་ནད་པའི་ལག་ནས་རང་སྤྲོད་གྲོན་དངུལ་ཁག་ཅིག་བླངས་ཆོག་པ་དང་། སྨན་ཁང་ནས་འབུད་པའི་སྐབས་སུ་དཀྱུས་གཅིག་ཏུ་བསྡོམས་རྩིས་བརྒྱག་དགོས། འགན་བཅོལ་དུ་ཞུགས་མེད་པའི་མི་སྣའམ་བྱེས་རྒྱུག་མི་སྣ་ཡིན་ན། སྔར་བཞིན་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་གཏའ་དངུལ་བསྡུ་ལེན་བྱ་དགོས།

ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་དམངས་སྲིད་ཀྱི་རོགས་སྐྱོབ་བྱ་ཡུལ། “གསུམ་མེད་”ནད་པ་སོགས་གཙོ་གནད་མི་ཚོགས་དང། ཐོལ་བྱུང་དོན་རྐྱེན་དང་རང་བྱུང་གནོད་འཚེ་སོགས་ཀྱི་རྐྱེན་གྱིས་མྱུར་དུ་སྲོག་སྐྱོབ་སྨན་བཅོས་བྱ་དགོས་པའི་མི་སྣ་ཡིན་ན། མུ་མཐུད་དུ་“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་མ་དཔེ་ལག་ལེན་བྱ་དགོས་ཏེ། སྡོད་བཅོས་གཏའ་དངུལ་མ་སྤྲད་པར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཆོག།

(གསུམ།) སྨན་བཅོས་འགན་སྲུང་སྡེ་ཁག་གིས་གྲོན་དངུལ་ཆད་གྲངས་བསྡོམས་རྩིས་བརྒྱག་དགོས། འགན་བཅོལ་དུ་ཞུགས་པའི་ནད་པ་སྨན་ཁང་ནས་བུད་རྗེས་གྲོན་དངུལ་ཆད་ནས་བསྡོམས་རྩིས་བརྒྱབ་མེད་ན། སྨན་བཅོས་འགན་སྲུང་སྡེ་ཁག་དང་དམངས་སྲིད་སྡེ་ཁག་གིས་སྨན་བཅོས་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ་ཐད་ནས་སྤྲད་དགོས་པའི་གྲོན་དངུལ་བསྡོམས་རྩིས་བརྒྱབ་སྟེ། སྨན་ཁང་གི་འཁོར་རྒྱུག་ཁུར་བོ་ཇེ་ཡང་དུ་གཏང་དགོས།

(བཞི།) དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ནད་པར་རོགས་སྐྱོབ་བྱ་དགོས། ནད་གཞི་འཕྲལ་བསྟུན་རོགས་སྐྱོབ་བྱེད་པའི་སྲིད་ཇུས་དང་འཚམ་པའི་ནད་པ་ཡིན་ན། སྨན་བཅོས་ལས་ཁུངས་ཀྱིས་ཧུར་ཐག་གིས་རེ་ཞུ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་ངོ་མ་ཡིན་པ་དཔྱད་ཞིབ་བྱས་རྗེས་དུས་ཐོག་ཏུ་རོགས་སྐྱོབ་འདོན་སྤྲོད་བྱ་དགོས། རང་སྤྲོད་གྲོན་དངུལ་ཅུང་མང་ཞིང་དཔལ་འབྱོར་ཐད་དངོས་གནས་དཀའ་ངལ་ཡོད་པའི་ནད་པ་ཡིན་ན། དམངས་སྲིད་སྡེ་ཁག་གིས་གནས་ཚུལ་ངོ་མ་ཡིན་པ་དཔྱད་ཞིབ་བྱས་རྗེས། རོགས་སྐྱོབ་ཆ་རྐྱེན་ཚང་བ་དག་ལ་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་སྐྱོབ་བྱ་དགོས།

གསུམ། སྲིད་ཇུས་དོན་འཁྱོལ་དང་འགན་སྲུང་བྱེད་པར་ཤུགས་བསྣོན་དགོས།

(གཅིག) འཁོར་རྒྱུག་མ་དངུལ་ལམ་ལུགས་དོན་འཁྱོལ་བྱ་དགོས། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་གནས་ཁེལ་སྨན་བཅོས་ལས་ཁུངས་ནས་ལོ་གོང་མར་གཏོང་སྤྲོད་བྱས་པའི་གཅིག་གཤོམ་ཐེབས་རྩའི་ཟླ་རེའི་ཆ་སྙོམས་དངུལ་འབོར་དེ་གཞི་གྲངས་བྱས་ཏེ། རིམ་པ་གསུམ་པའི་གནས་ཁེལ་སྨན་བཅོས་ལས་ཁུངས་ལ70%དང་། རིམ་པ་གཉིས་པའི་གནས་ཁེལ་སྨན་བཅོས་ལས་ཁུངས་ལ80%དང་། རིམ་པ་དང་པོ་དང་དེའི་མན་གྱི་གནས་ཁེལ་སྨན་བཅོས་ལས་ཁུངས་ལ90%ཡི་སྡུར་ཚད་ལྟར་ཟླ་གཅིག་གི་སྨན་བཅོས་འཁོར་རྒྱུག་མ་དངུལ་སྔོན་གཏོང་བྱ་དགོས་པ་མ་ཟད། གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་གྲོན་དངུལ་དེ་ཟླ་རེ་བཞིན་བསྡོམས་རྩིས་རྒྱག་དགོས། འཁོར་རྒྱུག་མ་དངུལ་ནི་ལོ་རེའི་ལོ་མགོར་སྔོན་གཏོང་བྱེད་པ་དང་། ལོ་མཇུག་ཏུ་མ་བསླེབས་གོང་ལ་བསྡོམས་རྩིས་བརྒྱབ་སྟེ། འཁོར་རྒྱུག་མ་དངུལ་ལོ་དེར་གཙང་རྩིས་རྒྱག་པ་ཁག་ཐེག་བྱ་དགོས། གནས་ཁེལ་སྨན་བཅོས་ལས་ཁུངས་སྒྲིག་སྲོལ་དང་འགལ་བ་རྩད་ཞིབ་ཐག་གཅོད་བྱས་ཏེ་གནས་སྐབས་སུ་ཞབས་ཕྱི་སྒྲུབ་མཚམས་བཅད་པའམ་ཡང་ན་གནས་ཁེལ་ཐོབ་ཐང་རྩིས་འགྲོ་མེད་པར་བཏང་བ་ཡིན་ན། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་སྔོན་གཏོང་བྱས་པའི་སྨན་བཅོས་འགན་བཅོལ་གྱི་འཁོར་རྒྱུག་མ་དངུལ་དུས་ཐོག་ཏུ་ཕྱིར་བསྡུ་བྱ་དགོས། དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་དང། གྲོང་ཁྱེར་(ཁུལ)དང། རྫོང་(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ལྷན)དང། ཤང་(གྲོང་རྡལ)རིམ་པའི་གནས་ཁེལ་སྨན་བཅོས་ལས་ཁུངས་བཅས་ལ་ཐ་དད་དུ་ལོ་གོང་མའི་དམའ་སྲུང་ནད་པའི་ཟླ་རེའི་ཆ་སྙོམས་རོགས་སྐྱོབ་དངུལ་འབོར་གྱི70%དང་། 70%དང། 80%དང་། 90%ཡི་སྡུར་ཚད་ལྟར་ཟླ་རེ་བཞིན་འཁོར་རྒྱུག་མ་དངུལ་སྔོན་གཏོང་བྱ་དགོས། སྨན་བཅོས་བྱེད་དུ་འོང་མཁན་ཉུང་ཞིང་དེའི་ཐད་ཀྱི་མ་དངུལ་གཏོང་ཚད་ཉུང་བའི་སྨན་བཅོས་ལས་ཁུངས་ལ། དུས་བཅད་ལྟར་བསྡོམས་རྩིས་བརྒྱབ་ཆོག སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་དམངས་སྲིད་སྡེ་ཁག་གིས་གཏན་འབེབས་ལྟར་དུས་ཐོག་ཏུ་གནས་ཁེལ་སྨན་བཅོས་ལས་ཁུངས་ལ་འགན་བཅོལ་དུ་ཞུགས་པའི་ནད་པའི་སྡོད་བཅོས་སྨན་ཡོན་གྱི་གྲོན་དངུལ་དང་སྨན་བཅོས་རོགས་སྐྱོབ་ཀྱི་གྲོན་དངུལ་རྩིས་ཞུ་བྱས་པ་བསྡོམས་རྩིས་བརྒྱག་དགོས།

(གཉིས།) ཐོལ་བྱུང་དོན་རྐྱེན་ཆེ་གྲས་ཀྱི་འཕྲལ་བསྟུན་སྲོག་སྐྱོབ་སྨན་བཅོས་ཀྱི་གྲོན་དངུལ་དོན་འཁྱོལ་བྱ་དགོས། རང་བྱུང་གནོད་འཚེ་དང་ཉེན་མེད་ཐོན་སྐྱེད་ཀྱི་ཆག་སྒོ་ཚབས་ཆེན་ནམ་ཆེས་ཚབས་ཆེན། ཐོལ་བྱུང་དོན་རྐྱེན་སོགས་ལ་འཕྲལ་བསྟུན་སྲོག་སྐྱོབ་སྨན་བཅོས་བྱ་དགོས་ཚེ། ォརང་བྱུང་གནོད་འཚེ་རོགས་སྐྱོབ་སྲོལ་ཡིགサསོགས་འབྲེལ་ཡོད་ཀྱི་སྲིད་ཇུས་ལྟར་གསབ་དངུལ་སྟེར་དགོས་པ་དང་། དེའི་སྐོར་ནས་དངུལ་ཆད་བྱུང་ཡོད་ན། ནོར་སྲིད་སྡེ་ཁག་གིས་ངོ་མ་ཡིན་པ་ཞིབ་དཔྱད་བྱས་རྗེས། དོན་དངོས་སུ་བྱུང་བའི་གྲོན་དངུལ་ལྟར་རིམ་པ་གཅིག་པའི་ནོར་སྲིད་ཀྱིས་སྨན་བཅོས་ལས་ཁུངས་ལ་གསབ་དངུལ་སྤྲད་དགོས། རླངས་འཁོར་གྱི་ཆག་སྒོ་སོགས་ཐོལ་བྱུང་དོན་རྐྱེན་ཁྲོད་རྨས་མར་སྲོག་སྐྱོབ་སྨན་བཅོས་བྱས་ཏེ་བྱུང་བའི་སྨན་བཅོས་གྲོན་དངུལ་དེ་འགན་འཁུར་མཁན་གྱིས་སྤྲད་དགོས། ォམཚོ་སྔོན་ཞིང་ཆེན་གྱི་བགྲོད་ལམ་འགྲིམ་འགྲུལ་ཆག་སྒོར་སྤྱི་ཚོགས་རོགས་སྐྱོབ་ཐེབས་རྩ་བཀོལ་བར་དོ་དམ་བྱེད་པའི་ལག་བསྟར་ཞིབ་སྲོལサ(མཚོ་ནོར་ས་གནས་ཐེབས་རྩ[2012]ཡིག་ཨང2684བ)ལས་འགྲིམ་འགྲུལ་ཆག་སྒོའི་རོགས་སྐྱོབ་ཐེབས་རྩ་བཀོལ་བའི་གཏན་འབེབས་དང་འཚམ་ན། སྨན་བཅོས་ལས་ཁུངས་ཀྱིས་རེ་ཞུ་བཏོན་ཏེ། རོགས་སྐྱོབ་ཐེབས་རྩ་ལས་སྔ་སྤྲོད་བྱ་དགོས།

(གསུམ།) ཆ་འཕྲིན་དྲ་རྒྱའི་བཀོལ་སྤྱོད་དང་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་སྨན་བཅོས་ལས་ཁུངས་ཀྱིས་ཆ་འཕྲིན་ཅན་འཛུགས་སྐྲུན་དང་བཀོལ་སྤྱོད་དང་དོ་དམ་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འགན་བཅོལ་དུ་ཞུགས་པའི་མི་སྣས་ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་ནད་བརྟག་སྨན་པ་བསྟེན་པར“བྱང་གཅིག་ཀུན་རྒྱུག”ཡིན་པ་དང་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་ཆ་འཕྲིན་མ་ལག་ཕན་ཚུན་སྦྲེལ་ཞིང་མཐུད་པ་མངོན་འགྱུར་བྱས་ནས། ནད་པས་སྨན་བཅོས་དང་གྲོན་དངུལ་རྩད་བཤེར་བྱེད་པ། གྲོན་དངུལ་འཕྲལ་དུ་རྩིས་ཞུ་རྒྱག་པ་དང་ནད་པའི་ཐོབ་ཐང་ཞིབ་དཔྱད་བདེན་དཔང་བྱེད་པ་བཅས་ལ་སྔར་བས་སྟབས་བདེ་བཟོ་དགོས།

བཞི། སྡེ་ཁག་མཉམ་འགུལ་གྱིས་ཡིད་རྟོན་ཤོར་བར་ཆད་པ་གཅོད་པའི་རྐྱེན་སྲོལ་འཛུགས་དགོས།

(གཅིག) བསམ་ངན་ཁོག་བཅུག་གིས་གྲོན་དངུལ་མི་སྤྲོད་པ་དག“མིང་ཐོ་ནག་པོར”འཇུག་པའི་ལམ་ལུགས་འཛུགས་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་དང་དམངས་སྲིད་སྡེ་ཁག་གི་སྨན་བཅོས་རོགས་སྐྱོབ་“གནས་གཅིག་ཀུན་སྒྲུབ”ཀྱིས་འཕྲལ་དུ་བསྡོམས་རྩིས་རྒྱག་པའི་ཆ་འཕྲིན་མ་ལག་སྔར་བས་འཐུས་ཚང་བར་དུ་གཏོང་བ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་བཙུགས་ཏེ། གྲོན་དངུལ་ཆད་ནས་དུས་ཡུན་ངེས་ཅན་འགོར་ཡང་ཆད་དངུལ་གཙང་སྤྲོད་མི་བྱེད་པའི་མི་སྣ་ལ། སྨན་བཅོས་ལས་ཁུངས་ཀྱིས་ས་དེ་གའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་ལ་ཞུས་ནས་ཞིབ་བཤེར་བྱས་རྗེས། གྲོན་དངུལ་ཆད་པའི་མི་སྣའི་མིང་ཐོ་དང་ཆ་འཕྲིན་དག་དཀྱུས་གཅིག་ཏུ་རིམ་པ་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་དམངས་སྲིད་སྡེ་ཁག་ལ་སྤྲད་དེ། སོ་སོའི་ཡིད་རྟོན་ཆ་འཕྲིན་མ་ལག་གམ་ཡང་ན་དོ་དམ་མ་ལག་ཏུ་འཇུག་དགོས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བསམ་ངན་ཁོག་བཅུག་གིས་གྲོན་དངུལ་མི་སྤྲོད་པ་དག“མིང་ཐོ་ནག་པོར”འཇུག་པའི་ལམ་ལུགས་ལག་བསྟར་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བསམ་ངན་ཁོག་བཅུག་གིས་གྲོན་དངུལ་མི་སྤྲོད་པའི་མི་སྣ་ལ། ཆད་དངུལ་གཙང་སྤྲོད་མ་བྱས་སྔོན་ལ་དེའི་སྨན་བཅོས་འགན་བཅོལ་གྱི་གཟིགས་སྐྱོང་མཚམས་འཇོག་དགོས་པ་དང་ཆབས་ཅིག་ཏུ། “མིང་ཐོ་ནག་པོར”འཁོད་པའི་མི་སྣས་ཞིང་ཆེན་ནང་ཁུལ་གྱི་གཞུང་གཉེར་སྨན་ཁང་གང་དུ་སྨན་བཅོས་བྱས་ཀྱང“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱི་ལོངས་སུ་སྤྱད་མི་ཆོག

(གཉིས།) བཅའ་ཁྲིམས་ཀྱིས་རོགས་སྐྱོར་བྱེད་པར་ཤུགས་སྣོན་བརྒྱག་དགོས། བསམ་ངན་ཁོག་བཅུག་གིས་སྡོད་བཅོས་གྲོན་དངུལ་མི་སྤྲོད་པར་མ་ཟད་དངུལ་དེད་ཀྱང་གོ་མི་ཆོད་པའི་མི་སྣ་(ཚེ་ལས་འདས་པའི་ནད་པའི་ལྟ་སྐྱོང་པའམ་དེའི་རྒྱུ་ནོར་ཤུལ་འཛིན་མཁན་ཡང་འདུ)ལ། སྨན་བཅོས་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པ་མ་ཟད། ཡིད་རྟོན་ཤོར་བའི་མིང་ཐོའི་ནང་བཀོད་ནས་ཆད་པ་གཅད་དགོས། རིམ་པ་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་བློ་འདོན་པའི་ནུས་པ་དངོས་ནས་འདོན་སྤེལ་བགྱིས་ཏེ། གྱོད་གཞི་ཞུ་གཏུག་དང་ལག་བསྟར་རེ་ཞུ་བྱེད་པ་སོགས་ཀྱི་ཐད་ནས་རམ་འདེགས་བྱ་དགོས།

ལྔ། སྨན་བཅོས་ལས་ཁུངས་ཀྱིས་ནད་གཞི་བརྟག་བཅོས་བྱེད་སྟངས་ཚད་ལྡན་དུ་གཏང་དགོས།

སྨན་བཅོས་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ནད་གཞི་བརྟག་བཅོས་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་། སྨན་པ་དང་ནད་པ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་སྟེ། སྡོད་བཅོས་འགྲོ་ལུགས་སྒྲུབ་པའི་སྐབས་སུ་དུས་ཐོག་ཏུ“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”འབྲེལ་ཡོད་གཏན་འབེབས་དང་གོ་རིམ། ནད་པའི་དབང་ཆ་དང་འོས་འགན་སོགས་གོ་བར་བཤད་པ་དང་། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་སྨན་ཡོན་རང་སྤྲོད་སྨན་སྣ་དང་བརྟག་བཅོས་རྣམ་གྲངས་ལ་ཤེས་རྟོགས་དང་འཐད་མོས་འབྱུང་དགོས་པའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ། སྨན་པ་དང་ནད་པའི་བར་གྱི་ཡིད་ཆེས་ཇེ་བརྟན་ཏུ་གཏང་དགོས། སྨན་ཁང་དུ་སྡོད་བཅོས་དང་སྨན་ཁང་ནས་འབུད་པའི་ཚད་གཞི་གཟབ་ནན་བྱེད་པ་དང་། ངེས་པ་དོན་གྱིས་ནད་ལ་གཞིགས་ནས་སྨན་སྦྱོར་བ་དང་ལུགས་དང་མཐུན་པར་སྨན་བཅོས་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ངེས་པ་དོན་གྱིས་ཇེ་ཡང་དུ་གཏང་དགོས།

རིམ་པ་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོར་འདེགས་བྱས་ཏེ། “སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་བྱ་བ་མཐའ་དག་དངོས་གནས་ལེགས་པོར་བསྒྲུབ་དགོས། རིམ་པའི་སོ་སོའི་སྨན་བཅོས་སྒྲིག་སྲོལ་བཅོས་སྒྱུར་གཞུང་ལས་ཁང་གིས་འབྲེལ་ཡོད་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཡོད་མེད་ཀྱི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས། ས་གནས་སོ་སོས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་སྒོས་སྤྱི་ཚོགས་ཀུན་སྤྱོད་བརྩི་སྲུང་བྱེད་པར་སྣེ་ཁྲིད་ཅིང་། ཡིད་རྟོན་འདུ་ཤེས་འཛུགས་སྐྱོང་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་དགོས།

བརྡ་སྦྱོར་འདི2018ལོའི་ཟླ7པའི་ཚེས7ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཏུ་སྔར་གྱིォམཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་གཞུང་གཉེར་སྨན་བཅོས་ལས་ཁུངས་སུ“སྔོན་ལ་སྡོད་བཅོས་བྱས་ཏེ་རྗེས་སུ་བསྡོམས་རྩིས་རྒྱག་པའི”ཞབས་ཕྱིའི་མ་དཔེ་ལག་བསྟར་བྱེད་པའི་ཇུས་གཞི་(ཚོད་ལྟར་སྤྱོད་པ)དཔར་འགྲེམས་བྱས་པའི་བརྡ་སྦྱོར(མཚོ་སྲིད་གཞུང་ལས་ཐིང[2012]ཡིག་ཨང་215བ)རྩིས་མེད་དུ་གཏོང་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས།

2018ལོའི་ཟླ6པའི་ཚེས8ཉིན།