མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་རྫོང་བཞི་དབུལ་ཕོངས་ལས་ཐར་བ།

ན་གོར་མོ་གྲོང་ཁྱེར་གྱིས་དབུལ་ཕོངས་སྡེ་བའི“མཐོ་བ་གཅིག་དང་དམའ་བ་གཉིས་མེད་པ་གཅིག” དབུལ་ཕོངས་ཁྱིམ་ཚང་གི“ལྟ་ཚུལ་ལྔ”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ།འགག་སྒོ་ནན་སྒྲོལ་དང་།གོ་རིམ་ཚད་ལྡན། གོ་རིམ་དངོས་ལ་ཞུགས་པ་བཅས་ཀྱི་སྒོ་ནས་གནད་འཁེལ་དབུལ་ཕོངས་ཁྱིམ་ཚང16དང་དབུལ་ཕོངས་ཁྱིམ་ཚང237གྱི་མི་གྲངས741དཔྱད་ཞིབ་གཏན་འཁེལ་བྱས་པ་རེད།

ལོ་གསུམ་གྱི་རིང་།ཕྱོགས་དྲུག་གི་ཐད་ནས་བྱ་བ་དམ་འཛིན་བྱས་ཏེ།གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་།གཉིས་ནས་རྨང་གཞིའི་ལས་དོན་དམ་འཛིན་བྱེད་པ།གསུམ་ནས་རྩེ་རིམ་ཇུས་འགོད་ཇེ་ལེགས་སུ་གཏོང་བ།བཞི་ནས་རྩིས་ཁྲའི་དོ་དམ་འགུལ་རྣམ་ཅན་ཏུ་གཏོང་བ།ལྔ་ནས་ཆེད་དོན་རིམ་བཤེར་ཇེ་དྲག་ཏུ་གཏོང་བ།དྲུག་ནས་སློབ་གསོའི་ཁྲིད་སྟོན་ནུས་པ་འབུར་ཐོན་བྱེད་པ་བཅས་ཀྱི་བྱེད་ཐབས་བཀོལ་བ་རེད།

ལོ་གསུམ་གྱི་རིང་།མི་འདང་ས་ཁ་གསབ་བྱེད་པའི་ལས་གཞི་བརྒྱད་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས།ལས་ཞུགས་ལས་གཏོད་ཀྱིས་ཡོང་འབབ་ཇེ་མཐོར་གཏོང་བའི་ལས་གཞི་ལག་བསྟར་བྱས་ཤིང་།དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་དང་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མ38ཐོན་ལས་ལས་བཟོ་བ་བྱེད་དུ་བཅུག་པ་དང་།དབུལ་ཕོངས་མང་ཚོགས225སྐྱེ་ཁམས་ནགས་ལས་ལས་བཟོ་བ་རུ་གྱུར།རོང་འབྲོག་ཁུལ་གྱི་ངལ་རྩོལ་པ800ལྷག་གི་ཡོང་འབབ་ཇེ་མཐོར་བཏང་ནས།དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ234ཡི་ལས་ཞུགས་སྤོ་སྒྱུར་བྱེད་པ་མངོན་འགྱུར་ཡོང་བར་བྱས་པ་མ་ཟད།གནས་སྤོའི་ཁྱིམ་ཚང370ཡི་མི་གྲངས་2000ལ་ཕན་ཁེ་ཐོབ་པ་རེད།

རོང་འབྲོག་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ།ཞིང་ཕྱུགས་ལས་སྡེ་བ་སོ་སོའི་བར་བསྐྱོད་ཐུབ་པར་བྱས་ནས་འཛུགས་སྐྲུན་དང་དོ་དམ་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་པ་རེད།སྡེ་བ14ཡི་གློག་དང་དྲ་རྒྱ་རིམ་སྤར་བྱས་པ་དང་།ཕྱུགས་ལས་སྡེ་བ2ལ་ཉི་ནུས་ཀྱིས་གློག་འདོན་པར་མངོན་འགྱུར་བྱུང་ཡོད་པར་མ་ཟད།སྡེ་བ་རིམ་པའི་རིག་གནས་ཞབས་ཞུའི་ལྟེ་གནས32གསར་དུ་བསྐྲུན་ནས།སྡེ་བ་རིམ་པའི་རིག་གནས་ཞབས་ཞུའི་ལྟེ་གནས5བཅོས་སྒྱུར་རིམ་སྤོར་དང་ཐོན་ཁུངས་གཅིག་བསྡུས་བྱས་པ་རེད།སློབ་གྲྭ་ཆུང་འབྲིང11དང་བྱིས་བཅོལ་ཁང4ལ་ཉམས་གསོ་སྒྱུར་བཀོད་ལས་འགན་ལེགས་འགྲུབ་ཡོང་བར་བྱས་ཏེ།རོང་འབྲོག་ཁུལ་དུ་འཕྲོད་བསྟེན་ཁང་དང་གཙང་སྦྲའི་དུས་ཡུན་རིང་བའི་ལམ་ལུགས་བཙུགས་ནས།གཙང་སེལ་མི་སྣ130ལས་གནས་སུ་ཞུགས་པ་དང་།རོང་འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་ཚད་ཁྱོན་ཡོངས་བདེ་འཇགས་དང་ཚད་ལྡན་ཡིན་ལ།རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འཛུགས་སྐྲུན་གཞི་རྩའི་ཆ་ནས་འཐུས་ཚང་ཏུ་བཏང་བ་རེད།

རོང་འབྲོག་ས་ཁུལ་གྱི་ཉེན་ཁ་ཆེ་བའི་ཁང་པ་ཉམས་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ།མ་དངུལ་སྒོར་ཁྲི1753བཏང་ནས་ཁྱིམ་ཚང་572ཡི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཅོས་བྱས་པ་རེད།

ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ།དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་1000ལས་མི་ཉུང་བ་དང་།དབུལ་ཕོངས་སྡེ་བའི་ལོ་རེའི་ཡོང་འབབ་སྒོར་ཁྲི6.9ལས་མི་ཉུང་ལ།དབུལ་ཕོངས་མ་ཡིན་པའི་སྡེ་བའི་ལོ་རེའི་ཡོང་འབབ་སྒོར་ཁྲི2.17ལས་མི་ཉུང་བ་རེད།

ལས་རིགས་དབུལ་ཐར་འགན་སྲུང་ལས་གཞི་ལག་བསྟར་བྱས་ཏེ།ཁྱོན་ཡོངས་ནས་ལོ15ཡི་རིན་མེད་སློབ་གསོར་སྐུལ་འདེད་བྱས་ཏེ།དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་ཁ་གསབ་རོགས་སྐྱོར་མ་དངུལ་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་བྱས་པ་་དང་།ཁྱོན་ཡོངས་ནས་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ།དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བཟོས་ཡོད་པའི་མི་གྲངས་ཀྱི་གཞི་རྩའི་སྨན་བཅོས་དང་ནད་ལྕི་མོའི་སྨན་བཅོས་འགན་སྲུང་མ་དངུལ་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་རེད།

དངུལ་རྩའི་དངུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ།དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར0.52བསྐྱིས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།