མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲེ་ཅང་དུ་སོང་ནས་སློབ་སྦྱོང་དང་ལྟ་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ10པའི་ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས11ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲེ་ཅང་དུ་སོང་ནས་སློབ་སྦྱོང་དང་ལྟ་ཞིབ་བྱས། ཚེས10ཉིན་གྱི་ཕྱི་དྲོར། ཀྲེ་ཅང་དང་མཚོ་སྔོན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲིག་ཅང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེ་ཅུན་གྱིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གཏམ་བཤད་གནང་ལ། ཀྲིག་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཡོན་ཅཱ་ཅོན་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཞིང་ཆེན་གཉིས་ཀྱི་མི་དམངས་སྲིད་གཞུང་བར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད་པ་རེད།

ཁྲེ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲིག་ཅང་དུ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། ཁོང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། བསམ་ཕྱོགས་བཟང་པོ་དང་ཉམས་མྱོང་མང་པོ་བསྡུ་གསོག་བྱས་ནས། ང་ཚོས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་སུ་བརྟན་པོར་འཛིན་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ལྷག་བསམ་དང་ཁག་ཁུར། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཙོར་འཛིན་པ་དང་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་རྒྱུན་འཁྱོངས་བྱེད་པར་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྣེ་ཁྲིད་བྱེད་པའི་མིག་རྒྱ་དང་བསམ་ཕྱོགས། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་པ་དང་། མི་རིགས་ཆོས་ལུགས་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་བཅས་ལ་སློབ་སྦྱོང་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མཚོ་སྔོན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། ཀྲེ་ཅང་ཞིང་ཆེན་གྱིས་ལོ་ངོ་མང་པོའི་རིང་མཚོ་སྔོན་ལ་རོགས་སྐྱོར་ཆེན་པོ་བྱས་པར་སེམས་སྟེང་ནས་བཀའ་དྲིན་ཞུས་པ་དང་། ཁོང་གིས་བཤད་རྒྱུར། ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཏང་དང་རྒྱལ་ཁབ་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་བ་དང་། ལངས་གནས་མཐོ་ཞིང་སྤེལ་ཤུགས་ཆེ་ལ། གྲུབ་འབྲས་བཟང་པོ་བླངས་ནས། མཚོ་སྔོན་ལྷག་པར་དུ་མཚོ་ནུབ་ཁུལ་ཀྱི་འཕེལ་རྒྱས་ཐད་སྒུལ་ཤུགས་དང་གསོན་ཤུགས་གསར་པ་བསྣན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་མཐོར་འདེགས་བཏང་། དེས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་ཐད་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་གྲུབ་འབྲས་མཚོན་པར་བྱས་ཡོད་ལ། ཀྲེ་ཅང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ལངས་གནས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པའི་བྱེད་ཐབས་གསར་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་བཟང་པོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་གསོན་པོ། དམངས་ཚིས་ལེགས་བསྒྱུར་ལ་འགན་སྲུང་བྱེད་པའི་ལག་ལེན་དངོས་བཅས་ལ་བརྟེན་ནས་མཚོ་སྔོན་ལ་སྐུལ་སློང་བྱེད་ཀྱིན་ཡོད་པ་དང་། ང་ཚོས་ཀྲེ་ཅང་གི་སྔོན་ཐོན་བསམ་ཕྱོགས་དང་འདུ་ཤེས། བྱེད་ཐབས། འཕེལ་རྒྱས་ཀྱི་མ་དཔེ་ལ་དཔེ་ལྟ་བྱེད་པ་དང་། སྐབས་དང་བསྟུན་ནས་མཚོ་སྔོན་གྱི་བྱ་བ་བཟང་པོར་བསྒྲུབ་སྟེ། ས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་རྣམ་པ་གསར་པ་གསར་སྐྲུན་བྱེད་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲེ་ཅང་དུ་སློབ་སྦྱོང་ལྟ་ཞིབ་བྱེད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧང་ཀྲིག་གྲོང་ཁྱེར་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་ཀྲིག་ཅང་ཅི་ལིས་མ་རྐང་ཚོད་འཛིན་སྡེ་ཚོགས། ཨ་ལེ་པཱ་པཱ་ར་བའི་ཁུལ་སོགས་སུ་ལྟ་ཞིབ་བྱས་པ་རེད།

ཀྲེ་ཅང་ཞིང་ཆེན་གྱི་འགོ་ཁྲིད་ཀུ་ཧུའེ་ཅུན་དང་ཁྲིན་ཅིན་པིའོ། ཀྲེ་ཅང་ཡོང་། ལིས་ཝེ་ཉིང་། ཀྲུའུ་ཚོང་ཅིག མཚོ་སྔོན་ཞིང་ཆེན་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། ཝང་ཡུས་པའོ། ཡུས་ཚོང་ལི། གའོ་ཧྭ་བཅས་གོང་གི་བྱ་འགུལ་ལ་ཞུགས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།