མཚོ་སྔོན་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བདུན་པའི་འཐུས་མི་གྲོས་ཚོགས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས11 ཉིན་ལ། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་རིག་པའི་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་གྲོས་ཚོགས་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྟེན་འབྲེལ་ཞུ་ཡིག་གནང་བ། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཞའོ་ཧན་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཞི་མེན། ཧྲིན་ཀྲང་གཞོན་པ་ཀྲང་ལི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཤོན་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་རྟེན་འབྲེལ་ཞུ་ཡིག་ནང་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་འཁོད་པ་རེད། ཁོང་གིས་དུས་ཡུན་རིང་པོ་ཞིག་ལ་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་གསར་འགྱུར་རིག་པའི་མཐུན་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབས་པ། བརྗོད་བྱ་གཙོ་བོ་ཤུགས་ཆེར་མཚོན་ནས་དྲང་ནུས་སྟོབས་ཆེར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་ལྷིང་ཡོང་ཆེད་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས་ཧུར་ཐག་སྒོས་བྱས་རྗེས་མང་པོ་བཞག་ཡོད། སྐབས་འདི་དང་བསྟུན་ནས་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན།

ཀྲང་ཞི་མེན་གྱིས་ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་བློ་མཐུན་ཝང་ཅན་ཅུན་དང་བློ་མཐུན་ཧུའུ་ཞའོ་ཧན་གཉིས་ཀྱིས་རེ་བ་ནན་པོ་དང་ལས་ཀའི་བླང་བྱར་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ།ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ཤིང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་འབུར་དུ་བཏོན་ནས། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་དགོས་པ་བསྟན། ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་དུ་བཏང་སྟེ། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་གོང་བུ་གཅིག་ཏུ་འགྲིལ་དགོས་ལ། ཆབ་སྲིད་ཀྱི་འགན་འཁུར་ལ་ཤུགས་བསྣན་བརྒྱབ་ནས། གསར་འགྱུར་བྱ་བ་སྒྲུབ་མཁན་གྱི“ ཤུགས་བཞི”ཇེ་མཐོང་བཏང་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་ལྡན་པའི་གླེང་ཕྱོགས་ཀྱི་དྲང་ནུས་བསྐྱེད་དགོས་ཞེས་བསྟན་པ་རེད།

གྲོས་ཚོགས་ཐོག་ལིག་ཝེ་མཚོ་སྔོན་ཞིང་ཆེན་གསར་འགྱུར་གྱི་ལས་ཀ་བྱེད་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ། བློ་མཐུན་ཧུའུ་ཝེ་ཀྲུང་དང་ཀྲིག་ཞན་ཨན། ཧྲིན་ཧུང་ཞུན། ཝུའུ་ཞྭ། ཅང་ཧྲི་ཆང་། ཧི་ཚུང་། ལིས་ཀྲི་ཞུང་། ཝང་ཞྭ། ཝང་ཙུང་ཧུང་། ཝང་ཧའེ་ཡུང་། ཞུའུ་ཚོན་ཧྲིན་བཅས་ཀྲུའུ་ཞི་གཞོན་པར་བདམས་པ། ཉི་ཡུའུ་ཕིན་ཡུན་དྲུང་ཡིག་ཆེན་མོར་འདེམས། ལིས་ཀྲི་ཞུང་གིས་མཚོ་སྔོན་ཞིང་ཆེན་གསར་འགྱུར་རིག་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འོས་འགན་གཅིག་ལྕོགས་སུ་ཁུར་བ་རེད།

ལ་ོ་ཙཱ་བ། གཡང་སྐྱིད།