རང་རེའི་ཞིང་ཆེན་གྱིས《སྙོར་གསོའི་མཐུན་རྐྱེན་དཔྱད་པའི་གནས་སྐབས་ལག་ཐབས》བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཕྲུ་གུ་སྙོར་གསོའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་སྟེ། སྙོར་གསོའི་དཔྱད་དཔོག་ལས་ཀ་ལེགས་པར་བསྒྲུབ་པ་དང་། སྙོར་གསོ་དང་་འབྲེལ་བའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙོར་གསོའི་སྐོར་གྱི་བཅའ་ཁྲིམས》 དང་། 《 ཀྲུང་གོའི་སྤྱི་དམངས་ཀྱིས་ཕྲུ་གུ་སྙོར་གསོ་བྱེད་པའི་ཐོ་འགོད་བྱེད་ཐབས》 ཀྱི་དམངས་སྲིད་པུའུ་ཡིས〈 སྙོར་གསོའི་ནུས་པར་དཔྱད་དཔོག་བྱེད་པའི་ལས་དོན་མཛུབ་ཁྲིད> པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ〉 སོགས་ཀྱི་གཏན་འབེབས་ལྟར། རང་ཞིང་གིས་དོན་དངོས་དང་ཟུང་འབྲེལ་སྒོས། ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིང་གིས《 མཚོ་སྔོན་ཞིང་ཆེན་གྱི་སྙོར་གསོའི་མཐུན་རྐྱེན་དཔྱད་པའི་གནས་སྐབས་ལག་ཐབས》བཏོན་ཏེ །2018ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལ། གོ་ཆོད་པའི་ཡུན་ཚད་ནི2020ལོའི་ཟླ12པའི་ཚེས1ཉིན་བར་རེད།

གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས་དེར་བསྡོམས་པའི་ལེའུ9 དོན་ཚན46ཡོད་ལ། གཏན་འབེབ་ཏུ་བུ་ཕྲུག་སྙོར་གསོའི་བྱེད་རིགས་ལ་སྙོར་གསོའི་ནུས་པར་དཔྱད་དཔོག་བྱེད་པ་དང་། མཉམ་འདྲེས་དུས་སུ་བརྟག་དཔྱད། གསོའི་རྗེས་ཀྱི་འཚམས་འདྲིའི་གོ་རིམ་གསུམ་ཡོད། སྙོར་གསོ་བྱེད་པའི་རེ་ཞུ་དང་། སྙོར་གསོའིི་ཐོ་འགོད། སྙོར་གསོའི་རྗེས་ཀྱི་གསོ་སྐྱོང་སོགས་ཀྱི་བརྒྱུད་རིམ་ཡོངས་ཚད་ལྡན་དུ་གཏོང་བ་དང་ལྟ་སྐུལ་བྱ་རྒྱུ། དེས་སྙོར་གསོ་བྱེད་པའི་རེ་ཞུ་བ་དང་དེ་བཞིན་མཉམ་དུ་འཚོ་བ་སྐྱེལ་མཁན་ཁྱིམ་མི་སྙོར་གསོའི་བྱ་ཡུལ་ལ་གསོ་སྐྱོང་དང་སློབ་གསོ་གཏོང་བའི་ནུས་པ་ཡོད་མེད་ལ་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱེད་པ་མ་ཟད། ལྷག་པར་དུ་སྙོར་གསོ་མ་བྱས་པའི་སྔོན་ལ་མཉམ་འདྲེས་དུས་སྐབས་ཀྱི་རྟོག་ཞིབ་དཔྱད་དཔོག་འཛུགས་རྒྱུ་ནི། སྙོར་གསོའི་འབྲེལ་བ་ཡོད་པའི་དོ་བདག་ལ་སྙོར་གསོ་མ་བྱས་གོང་གི་གྲ་སྒྲིག་དང་འཕྲོད་བསྟུན་གྱི་དུས་ཚོད་མཁོ་འདོན་བྱས་ཡོད། སྙོར་གསོའི་འབྲེལ་བ་སྔར་བས་འཆམ་མཐུན་དང་འགྲིག་མཐུན་ཡོང་དགོས། སྙོར་གསོ་རྗེས་ཀྱི་འཚམས་འདྲིའི་དཔྱད་དཔོག་འཛུགས་པ་དང་། སྙོར་གསོའི་འབྲེལ་བ་ཡོད་པའི་དོ་བདག་གི་འཚོ་བ་དང་མཉམ་འདྲེས་ཀྱི་གནས་ཚུལ་ལ་ནུས་ལྡན་སྒོས་དཔྱད་དཔོག་བྱ་ཐུབ། གཞན་ཡང་། གཏན་འབེབས་ལྟར་ན་སྙོར་གསོ་བྱ་ཡུལ་དུ་གྱུར་པའི་མི་དེ་ལོ10 ཡན་གྱི་བྱིས་པ་ཡིན་པས། སྙོར་གསོ་བྱ་ཡུལ་དུ་གྱུར་པའི་མིར་སྙོར་གསོ་བྱེད་མཁན་འདེམས་པའི་བསམ་འཆར་བསྡུ་ལེན་བྱ་དགོས།

གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས་བཏོན་རྗེས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྙོར་གསོའི་ནུས་པར་དཔྱད་དཔོག་བྱེད་པའི་ལས་དོན་ཁྲོད་དུ་གནས་པའི་ཆེད་ལས་ཀྱི་དཔྱད་དཔོག་མི་སྣ་མི་འདང་བ་དང་། དཔྱད་དཔོག་གོ་རིམ་ཚད་ལྡན་མིན་པ། དཔྱད་དཔོག་བྱེད་པའི་ནང་དོན་ཆ་མི་ཚང་བ་བཅས་ཀྱི་གནད་དོན་དག་ལ་ནུས་ལྡན་གྱིས་ཐག་གཅོད་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་ཆེས་ཆེ་བའི་ཚད་ཐོག་ནས་སྙོར་གསོའི་བྱ་ཡུལ་དུ་གྱུར་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།