རང་ཞིང་གིས་ཆེད་དོན་མ་དངུལ་བཏང་སྟེ་ས་མིང་ཡོངས་ཁྱབ་ཞིབ་བཤེར་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ཆ། ཞིང་ཆེན་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་གཞི་གྲངས་འཚོལ་བསྡུའི་དུས་རིམ་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཞིང་། བདེ་བླག་ངང་གྲུབ་འབྲས་གཞན་འགྱུར་གྱི་དུས་རིམ་ལ་བསྒྱུར་ཏེ། དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་སྒོས་ལེགས་འགྲུབ་བྱུང་བར་འགན་ལེན་བྱ་ཆེད། ནོར་སྲིད་ཐིང་དང་འབྲེལ་བ་མཐུན་སྦྱོར་བྱས་པ་བརྒྱུད་དེ། ཞིང་ཆེན་ས་མིང་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གིས་དུས་ཐོག་ཏུ་ས་མིང་ཡོངས་བཤེར་བྱེད་པའི་ཀྲུང་དབྱང་གི་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི1548བྱིན།

རྒྱུས་ལོན་བྱས་པ་ལྟར་ན། 2018ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་རང་རེའི་ཞིང་ཆེན་གྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐད་བསྡོམས་པས་ཁ་གསབ་རོགས་དངུལ་སྒོར་ཁྲི1548བཏང་ཡོད། གཙོ་བོ་ས་མིང་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་གཞན་འགྱུར་གཏོང་བའི་བྱ་བའི་ཐད་བཀོལ་སྤྱོད་བྱས་པ་རེད། མ་དངུལ་ལུགས་མཐུན་ནུས་ལྡན་གྱིས་བེད་སྤྱོད་བྱེད་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་སྙན་ཞུ་སྤེལ་རེས་བྱས་པར་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་ལས་ཀའི་དོན་དངོས་ལ་གཞིགས་ཏེ། ཞིང་ཆེན་ས་མིང་ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ) 8 དང་། རྫོང( གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་།)45 ཡི་ས་མིང་ཡོངས་བཤེར་འགན་ལེན་ལས་སྒོ་རྒྱུན་གཏན་ངང་སྤེལ་བའི་རྨང་གཞིའི་ཐོག ས་ཁུལ་ཁག་གི་མངའ་ཁུལ་གྱི་རྒྱ་ཁྱོན་དང་། ཡོངས་བཤེར་དཀའ་སླའི་ཚད། སྐུལ་སྤེལ་བྱེད་ཚད། ས་གནས་ཀྱི་ཆ་སྒྲིག་དངུལ། ལས་འགན་ལེགས་འགྲུབ་བྱེད་པའི་གྲུབ་འབྲས་སོགས་ཆ་བགོས་རྒྱུ་རྐྱེན་བྱས་ཏེ། ལུགས་མཐུན་སྒོས་ཚད་ལེན་ཞིབ་རྩིས་བྱས་ནས་མ་དངུལ་བགོ་བཤའ་བརྒྱབ། ཞིང་ཆེན་ནོར་སྲིད་ཀྱིས་བགོ་བཤའི་ཇུས་གཞི་ལ་ཞིབ་བཤེར་བྱས་རྗེས། དུས་ཐོག་ཏུ་གྲོང་ཁྱེར( ཁུལ)དང་། རྫོང( གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་། ) ཁག་ལ་སྤྲད།

མ་དངུལ་ཚུལ་མཐུན་གྱིས་བེད་སྤྱོད་བྱ་རྒྱུར་འགན་ལེན་བྱ་ཆེད། ཞིང་ཆེན་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཡོངས་བཤེར་གཞུང་ལས་ཁང་གིས《 རྒྱལ་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ཆེད་སྤྱོད་མ་དངུལ་བེད་སྤྱོད་དོ་དམ་བྱེད་ཐབས》 ཀྱི་གཏན་འབེབས་ལྟར། ཡོངས་བཤེར་གྱི་ཁ་གསབ་མ་དངུལ་དོ་དམ་བེད་སྤྱོད་བྱ་རྒྱུ་དང་། ས་མིང་ཡོངས་བཤེར་བྱེད་རྒྱུའི་མ་དངུལ་བདེ་འཇགས་དང་། ལས་ཕྱོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས་པ་མ་ཟད།ད་དུང་དུས་ཐོག་ཏུ་རིམ་པ་ཁག་གི་ཡོངས་བཤེར་ཁང་གིས་ཏང་ཨུ་དང་། སྲིད་གཞུང་ལ་ཆེད་དུ་སྙན་ཞུ་བྱས་ནས། ལོ་འཁོར་གྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱིས་ལེགས་འགྲུབ་ཡོང་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།

ལོ་ཙཱ་བ། གཡང་སྐྱིད།