2018ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2018ལོའི་ཁྱད་ལྡན་ཐོན་ལས་ཚོང་འགུག་འོས་སྦྱོར་ཚོགས་འདུ་སྤྱི་ཟླ10པའི་ཚེས10ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ནས་བསྡུས་པ་རེད།

ཚོང་འགུག་འོས་སྦྱོར་ཚོགས་འདུའི་སྟེང་བསྡོམས་པས་ས་གནས་ཀྱི་ཁེ་ལས40རྩ་འཛུགས་བྱས་ཏེ་ཐང་ཀ་དང་རྡོ་བརྐོས།  སོག་བོད་སྨན་རྫས། མི་རིགས་གྱོན་ཆས། མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ཡས་མས་ཞིག་འགྲེམས་སྟོན་བྱས་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།