ད་ལོར་རོགས་སྐྱོར་དངུལ་སྒོར་ཁྲི421ཡིས་སློབ་ཆེན་སློབ་མ1238ལ་ཕན་བདེ་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མཐོ་རྒྱུགས་སློབ་བསྡུའི་ལས་དོན་སྤེལ་བ་ནས་བཟུང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ནན་ཏན་སྒོས2018 ལོའི་ལོ་འཁོར་གྱི“ སྟོན་དུས་སློབ་སྐྱོར” གྱི་བྱ་འགུལ་སྤེལ་བ་དང་། ད་ལྟའི་བར་དུ། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ1238ལ་རོགས་སྐྱོར་བྱས་པ་དང་། དེའི་ཁྲོད། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ995 དང་། ཆེད་སྦྱོང་སློབ་མ་མི་གྲངས243 ། ཁྱོན་བསྡོམས་སློབ་སྐྱོར་རོགས་དངུལ་སྒོར421.4སྤྲད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་ད་ལོར་སྟོན་དུས་སློབ་སྐྱོར་གྱི་བྱ་འགུལ་དེ་ཕྱོགས་གསུམ་ནས་གཟེངས་སུ་ཐོན་ཡོད་པ་དང་། གཅིག་ནི་རོགས་སྐྱོབ་ཚད་གཞི་ཇེ་མཐོར་བཏང་བ། དེས་དངོས་གཞིའི་ཚན་ཁག་གི་རོགས་སྐྱོབ་ཚད་གཞི་སྒོར3000ནས་སྒོར 5000བར་མཐོ་རུ་བཏང་། སྙན་ཞུ་ལ་ཞིབ་བཤེར་གཏན་འབེབས་བྱས་པའི“ སྟོན་དུས་སློབ་སྐྱོར” གྱིས་དཀའ་ངལ་ཡོད་པའི་ལས་བཟོ་བའི་བུ་ཕྲུག་ཚང་མ་བརྒྱུད་རིམ་ཧྲིལ་པོའི་སློབ་ཞུགས་རོགས་རམ་ཁོངས་སུ་བཅུག་ཡོད། གཉིས་ནི་མིང་ངོ་མ་འགོད་པའི་ལམ་ལུགས་ལྟར་གཅིག་གྱུར་གྱིས་ཆེད་ལས་སྒྲིག་གཞི་ལ་མངགས་བཅོལ་བྱས་ནས་སྤྲད་པའི་དངུལ་ཚང་མ་ཉར་འཛིན་རེའུ་མིག་བཟོས་ཏེ། བབ་བསྟུན་སྟབས་བདེ་སྤྲོད་རྒྱུ་འགན་ལེན་བྱས། སློབ་སྐྱོར་དངུལ་དུས་ཐོག་ཏུ་གྲངས་ཚང་ངང་སྤྲོད་ཐུབ་པ་བྱས། གསུམ་ནི་རིམ་ཁག་བཟོ་ཚོགས་ལ་ཞིབ་བཤེར་བགྱི་བའི་ལས་རིམ་ཚད་ལྡན་དུ་གཏོང་བ་དང་། དམངས་སྲིད་སྡེ་ཚན་དང་འབྲེལ་མཐུད་དབྱེ་འབྱེད་དང་གཏན་འཁེལ་འཕྱུགས་མེད་རྗེས་ད་གཟོད་རོགས་སྐྱོར་བསྐྱར་ཟློས་མི་འབྱུང་བར་བྱས་ཏེ་སློབ་སྐྱོར་བྱ་བའི་གནད་འཕིགས་ཚད་ཇེ་ཆེར་བཏང་།

ལོ་ཙཱ་བ།རྟ་མགྲིན་དཔལ།