ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་པན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུ་སྐོར་ཐེངས་བཞི་བར་ཞུགས་པར་ཡོང་བའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་འཇར་པན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུ་སྐོར་ཐེངས་བཞི་བར་ཞུགས་པར་ཡོང་བའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་འཇར་པན་གྱི་ཁེ་ལས་པ་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཚོགས་འདུ་སྐོར་ཐེངས་བཞི་བར་ཞུགས་པར་ཡོང་བའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ཀྲུང་གོ་དང་འཇར་པན་བར་གྱི་མཛའ་བརྩེའི་ཆིངས་ཡིག་བཀོད་དེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་འོག ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་བཟང་དུ་སོང་བ་མ་ཟད་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་ལེགས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞི་ཡི་རྩ་དོན་དམ་སྲུང་བྱེད་པ་དང་། ལོ་རྒྱུས་ལ་དཔེ་ལྟ་བྱེད་པ་དང་མ་འོངས་བར་ཁ་ཕྱོགས་པའི་སྙིང་སྟོབས་ལ་བརྟེན་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བརྟན་བརླིང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཙོ་བོ་ཡིན་པའི་ཆ་ནས། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ན་ཕྱོགས་གཉིས་ཀར་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཉོ་ཚོང་འཕེལ་རྒྱས་ཐད་ལ་ཡང་ཕན་པ་ཡོད་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཁ་གསབ་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་ནོར་སྲིད་དངུལ་རྩ། གསར་གཏོད་དང་མཐོ་གསར་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ། མཉམ་དུ་ཕྱོགས་གསུམ་པའི་ཚོང་ར་གསར་འབྱེད་བྱས་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་རྒྱ་སྐྱེད་རྒྱུ་ཡིན་པ་དང་། འཇར་པན་ཁེ་ལས་ཀྱིས་ཀྲུང་གོ་རུ་དངུལ་གཏོང་བའི་ཚད་ཆེ་རུ་བཏང་སྟེ། མུ་མཐུད་དུ་ཀྲུང་གོ་དང་འཇར་པན་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་བཟང་བོ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་སྐུལ་འདེད་གཏོང་བ། མཉམ་དུ་རྒྱུན་མཐུད་དར་རྒྱས་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་ཀྱིན་ཡོད་ཟེར།

ཝང་དབྱི་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།