2018ལོའི་རྒྱལ་ཡོངས་མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་གཟའ་འཁོར་ལས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་གཟབ་རྒྱས་ངང་ཚུགས།

2018ལོའི་རྒྱལ་ཡོངས་མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་གཟའ་འཁོར་ལས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་གཟབ་རྒྱས་ངང་ཚུགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བྱེད་སྒོར་ཞུགས་པ་མ་ཟད།2018ལོའི་རྒྱལ་ཡོངས་མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་གཟའ་འཁོར་ལས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་དངོས་སུ་སྤེལ་འགོ་རྩོམ་པར་ཁྱབ་བསྒྲགས་བྱས། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10པའི་ཚེས9ཉིན།  2018ལོའི་རྒྱལ་ཡོངས་མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་གཟའ་འཁོར་ལས་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་དེ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་གཟབ་རྒྱས་ངང་སྤལེ་འགོ་རྩོམ་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བྱེད་སྒོར་ཞུགས་པ་མ་ཟད། 2018ལོའི་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་ར་དངོས་སུ་སྤེལ་འགོ་རྩོམ་པར་ཁྱབ་བསྒྲགས་བྱས། འགོ་རྩོམ་མཛད་སྒོ་ནི་ཞིང་ཆེན་ཚན་རྩལ་ཐིང་དང་ཞིང་ཆེན་གྱི་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན(རྒྱལ་ཁབ)དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་དང་། མཚོ་སྔོན་གྱི་བློ་སྒོ་ཕྱེ་པའི་བྱ་གཞག་གསར་གཏོད་གསོ་སྐྱོང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི“གསར་གཏོད་གཉིས”ཀྱི་བྱ་འགུལ་གཟའ་འཁོར་གྱི་སྤྱིའི་བཀོད་སྒྲིག་ལྟར་ན། བྱ་འགུལ་གཟའ་འཁོར་གྱི་སྔ་རོལ་ཏུ། ཞིང་ཆེན་ཡོངས་ཀྱི་སྡེ་ཚན་ཁག་དང་། ས་ཁུལ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང“འགྲིམ་འགྲུལ་དངུལ་ཁང་བུམ་པ”དང“མངོན་འགྱུར་པའི་ཀྲུང་གོ”“ལང་ཚོ་གཏོད་པ”“དྲ་སྦྲེལ+”སོགས་བྱ་གཞག་སྐྲུན་པ་དང་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོ་སྤེལ་ཞིང་། དངུལ་རྩའི་སྒྲིག་གཞི་དང་ཉེན་ལྡན་མ་དངུལ་འཇོག་སྒྲིག་གཞི། གསོ་སྐྱོང་ལས་ཁུངས་བཅས་རྣམ་གྲངས་གདམ་གསེས་སུ་ནང་འདྲེན་བྱས་པ་བརྒྱུད། ལག་རྩལ་དང་མ་རྩ། ཤེས་ལྡན་མི་སྣ་བཅས་རྒྱུ་རྐྱེན་གཙོ་བོ་ཁག་ཕན་ཚུན་མཉམ་འདྲེས་དང་། ཕུལ་བྱུང་གི་ཚོགས་པ་དང་ཐོག་མར་གསར་གཏོད་བྱས་པའི་ཁེ་ལས་སྐྱེད་སྲིང་དང་འཚར་ལོངས་སྟོབས་ཆེར་འགྲོ་བར་ཟབ་སྦྱོང་བྱས་ཏེ། ནོར་སྲིད་མ་དངུལ་གྱིས་གསར་གཏོད་ལས་གཏོད་ཀྱི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྲིད་གཞུང་གི་ཁྲིད་སྟོན་གང་ལེགས་མཚོན་ཡོད་ཅིང་། སྤྱི་ཚོགས་མཉམ་ཞུགས་ཀྱི“གསར་གཏོད་གཉིས”ཀྱི་ཁྱད་ཆོས་ཀྱིས་དམངས་ཡོངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་པ་རེད།

དེ་དང་ཆབས་ཅིག་ཏུ། ཉིན7རིང་གི་བྱ་འགུལ་གཟའ་འཁོར་རིང་དུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་། སྡེ་ཁག་སོ་སོས་བྱ་གཞག་གསར་གཏོད་ཀྱི་གཏམ་རྒྱུད་མཉམ་སྤྱོད་དང་མཚོ་སྔོན་གསར་གཏོད་འགྲན་བསྡུར། ས་མཐོའི་གཞོན་ནུའི་ལས་གཏོད་སྤེལ་རེས་བྱེད་སྒོ་ཐེངས་གསུམ་པ། གྲོང་གསེབ་ཀྱི་བྱ་གཞག་གསར་སྐྲུན་དང་ལས་གཏོད་རྣམ་གྲངས་གསར་གཏོད་འགྲན་བསྡུར། བྱ་གཞག་གསར་སྐྲུན་དང་གསར་གཏོད་ཀྱི་འཆད་ཁྲིད་ཆེན་མོ་སོགས་ཀྱི་བྱ་འགུལ་སྣ་ཚོགས་མུ་མཐུད་དུ་སྤེལ་ཏེ། བྱ་འགུལ་གཟའ་འཁོར་འཕེལ་རྒྱས་སུ་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།