གཙང་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན17211ལ་ལས་གནས་དཔང་ཡིག་སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་ཆར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྩ་འཛུགས་ཀྱིས་ཤང་དང་གྲོང་བརྡལ་གྱི་བདག་དོམ་སྲུང་སྐྱོབ་ས་ཚིགས་དང་སྡེ་བ་རིམ་པའི་བདག་དོམ་སྲུང་སྐྱོབ་རུ་ཁག བདག་དོམ་སྲུང་སྐྱོབ་ཡན་ལག་རུ་ཁག་ཆུང་བ་བཅས་རྩ་འཛུགས་བྱས་ཏེ་ཁྱོན་བསྡོམས་མི་གྲངས17211ལ་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་གྱི་ལས་གནས་དཔང་ཡིག་སྤྲད། དེ་ཡང་འབྲོག་དམངས་རྩྭ་ཐང་བེད་སྤྱོད་མཁན་ནི་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་དུ་གྱུར་ཏེ། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་འཛུགས་བསྐྲུན་ཁྲོད་ཟབ་ཞུགས་བྱས་ཡོད།

རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་ལྷག་ཡོད་པའི་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས་སྤྱི་གླིང་ས་ཁུལ་གྱི་རུ་དཔོན་དབང་ཕྱུག་གིས་ཉིན་རྒྱུན་དུ་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་གྱི་སྣེ་ཁྲིད་དེ་འཕྲུལ་རྟ་ཞོན་ནས་རྩྭ་ཐང་ལ་སྐོར་ཞིབ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ་ཁོས་བཤད་རྒྱུར། “དེ་ཡང་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་རུ་ཁག་ལ་ཞུགས་རྗེས། སྲིད་གཞུང་གིས་ཟླ་རེར་ཟླ་ཕོགས་དུས་ལྟར་སྟེར་བཞིན་ཡོད་པས། རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཤུགས་ཀྱང་སྔར་ལས་ཆེས་ཆེར་སོང”ཟེར། སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་གྱི་ལས་གནས་འདི་ནི་ཁོར་མཚོན་ན་རང་གི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། དབང་ཕྱུག་གིས་མུ་མཐུད་དུ་བཤད་རྒྱུར། སྔོན་ཆད་དང་སྡུར་ན་ད་ལྟ་སྐོར་ཞིབ་བདག་དོམ་གྱི་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེའི་མི་ཚད་སྔོན་ཆད་ཀྱི་སྐོར་ཞིབ་བདག་དོམ་གྱི་ཁྱབ་ཁོངས་དེ་ཡང་རི་བོ་དང་ཆུ་བོ། ནགས་ཚལ། གཙང་བོ་སོགས་ཀྱིས་ཇེ་ཆེར་སོང་ཡོད་ཟེར།

དབང་ཕྱུག་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པ་ཞིག་སྟེ། རེ་འདུན་ཞུ་ཡིག་ཕུལ་བ་བརྒྱུད་ཁོ་རང་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་དུ་གྱུར་བ་རེད། དེ་ཡང་ཁོ་རང་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་གྱི་ཁོངས་མི་རུ་གྱུར་བ་ནས་བཟུང་ཁོས་རྒྱལ་ཁབ་ཀྱི་ཕྱུགས་སྐྱུར་རྩྭ་འདེབས་སྲིད་ཇུས་ཀྱི་འབོད་སྐད་དང་བསྟུན་ནས་རང་ཚང་གི་ནོར་ལུག་ཇེ་ཉུང་དུ་བཏང་བ་མ་ཟད། རྩྭ་ཐང་དུ་འཚོ་བ་རོལ་མཁན་ལ་བྱས་རྗེས་ཀྱི་སྟོབས་ཤུགས་ཕུལ།

ད་ལྟའི་ཆར་གཙང་གསུམ་འབྱུང་ཡུལ་དུ་དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་བཞི་ཡོད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཁྱབ་ཁོངས་ཁྲོད་དུ་མི་གྲངས་ཁྲི6དང་སྟོང5གི་ཁྲོད་ནས་མི་གྲངས་ཁྲི2དང་སྟོང4ལྷག་ནི་དབུལ་ཕོངས་མི་གྲངས་ཡིན། ཇི་ལྟར་བྱས་ཏེ་ཕྱུགས་སྐྱོང་བཀག་སྡོམ་གྱིས་ཕྱུགས་རིགས་ཇེ་ཉུང་དུ་བཏང་ཞིང་འབྲོག་དམངས་དག་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་བདག་དོམ་ཁྲོད་ཞུགས་སུ་བཅུག་སྟེ། ཁོ་ཚོར་དེའི་ཁྲོད་དུ་ཁེ་སྤོགས་ཡོད་པ་ནས་དབུལ་ཐར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་པར་མངོན་འགྱུར་བྱེད་རྒྱུ་ནི་རང་ཞིང་གི་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཁུལ་འཛུགས་བསྐྲུན་བྱེད་པར་སྤོ་རྒྱུའི་གོམ་པ་གལ་ཆེན་ཞིག་ཀྱང་ཡིན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་གསར་འཛུགས་བྱས་རྗེས་མ་གཞི་ནས་ཡོད་པའི་ནགས་ཁུལ་དང་བརླན་ཁུལ་སྣ་གཅིག་གི་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་ཀྱི་གོ་གནས2554ཡོད་པའི་རྨང་གཞིའི་སྟེང་གནད་འཁེལ་དབུལ་སྐྱོར་གྱི་རྩ་དོན་གཞིར་བཟུང་སྟེ་ཐོག་མར་སྤྱི་གླིང་ས་ཁུལ་ནང་གི་ཡིག་ཚགས་ཅན་གྱི་དབུལ་ཁྱིམ་ནས་འགོ་བརྩམས་ཏེ་ད་ལྟ་ཁྱོན་བསྡོམས་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་གྱི་ལས་གནས་དཔང་ཡིག་ཅན་གྱི་མི་སྣ17211ལ་ཟླ་རེར་ལས་ཕོགས་དུས་ལྟར་བྱིན་ནས་འགུལ་རྣམ་བདག་དོམ་མངོན་འགྱུར་བྱས། ལོ་ངོ་གསུམ་གྱི་རིང་ལ་ཞིང་ཆེན་ནོར་སྲིད་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4.5བཏང་ཞིང་ཁྱིམ་ཚང་རེ་རེ་ཡི་ཆ་སྙོམས་ལོ་རེའི་ཡོང་འབབ་ནི་སྒོར21600ཡིན། དེ་དང་ཆབས་ཅིག རི་བོ་དང་ཆུ་བོ། ནགས་ཚལ། རྩྭ་ཐང་། གཙང་བོ་སོགས་ལ་བདག་དོམ་སྲུང་སྐྱོབ་བྱེད་པའི་རྩ་འཛུགས་ཅན་ལ་སྐུལ་འདེད་ཀྱིས་དྲ་ཚིགས་ཅན་གྱི་སྐོར་ཞིབ་རྩད་གཅོད་བྱེད་པའི་ཤང་དང་གྲོང་བརྡལ་གྱི་བདག་དོམ་སྲུང་སྐྱོང་ས་ཚིགས་དང་སྡེ་བ་རིམ་པའི་བདག་དོམ་སྲུང་སྐྱོབ་ས་ཚིགས། བདག་དོམ་སྲུང་སྐྱོབ་ཡན་ལག་རུ་ཁག་སོགས་རྩ་འཛུགས་བྱས་ཏེ་རྒྱང་ཐག་རིང་བོའི་མཚམས་སུ་བདག་དོམ་སྲུང་སྐྱོབ་ཀྱི་མ་ལག་སྒྲིག་འཇུག་བྱས་པས་འབྲོག་དམངས་དག་ནི་རིམ་བཞིན་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་མཁན་དུ་གྱུར་ཏེ། མིའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱས་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། འབྲོག་པ་རྣམས་ཀྱི་སྐྱེ་ཁམས་བདག་དོམ་སྲུང་སྐྱོབ་དང་ཕྱུག་འགྱུར་ནུས་ཤུགས་འཕར་སྣོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་གྱིས་འབྲོག་པ་མང་ཚོགས་ཟབ་ཞུགས་བྱས་ཏེ་ཕྱུག་འགྱུར་དང་ལས་གནས་གཞན་སྒྱུར་བྱས་ཡོད། སྐྱེ་ཁམས་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་གྱིས་འབྲོག་པ་མི་དམངས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་འདེད་བྱས། འབྲོག་པ་མང་ཚོགས་ཀྱི་སྤྱི་གླིང་སྐྱེ་ཁམས་ཞིབ་བཤེར་ཁྲོད་ལས་ཀ་སྒྲུབ་པར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ། ཁོར་ཡུག་གི་སློབ་གསོའི་ཞབས་ཞུ་ནས་སྐྱེ་ཁམས་སྲུང་སྐྱོབ་གསོ་སྐྲུན་གྱི་ངལ་རྩོལ་ལས་དོན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བའི་ཁྲོད་ཞུགས་ནས་འབྲོག་དམངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་བདག་དོམ་ཁྲོད་གཏན་འཇགས་ཀྱི་ཡོང་སྒོ་འཐོབ་པ་བྱ་དགོས་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།