ཙོང་ཁ་རྫོང་གི་མི་གྲངས500ཡིས་དབུལ་ཐར་མཁྲེགས་གཏོར་ཐད་ལ“དཔའ་ཁས་ལེན”བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཏང་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐག་གཅོད་ཀྱི་བཀོད་སྒྲིག་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཚང་མར་སྐུལ་སློང་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་སྒོས་དཀའ་སྡུག་གི་ལས་ཀ་དངོས་ལ་ཞུགས་ཏེ་ཁྱོན་ཡོངས་ནས་དབུལ་ཐར་གྱི་ཞྭ་མོ་འཕུད་པའི་ཚད་གཞི་ལ་སླེབས་པར་ཁག་ཐེག་བྱ་ཆེད། ཟླ10པའི་ཚེས9ཉིན་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་ཚོགས་ཆེན་གྱི་སྟེང་དུ་མི500ལྷག་གིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པའི“དཔའ་ཁས་ལེན”གྱི་གན་རྒྱ་ལ་མིང་རྟགས་བཀོད།

དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་རྒྱུ་ནི་དབུལ་ཕོངས་ས་ཁུལ་གྱི་ཆེས་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་དམངས་ཚིས་བཟོ་སྐྲུན་ཨང་དང་པོ། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ཡིན་པས་ཁྱོན་ཡོངས་ནས་འབྱོར་འབྲིང་གི་དོན་དག་དང་འབྲེལ་ཡོད་ལ། ལོ་བརྒྱའི་ཇུས་ཆེན་དང་ཡང་འབྲེལ་བ་དམ་པོ་ཡོད། ཙོང་ཁ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བསྟན་དོན། དེ་ཡང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཀྱི་གལ་ཆེན་རང་བཞིན་གཏིང་ཟབ་དུ་སྤེལ་ཏེ་མཇུག་མཐར་རྣོ་ངར་གྱི་འདུ་ཤེས་བརྩོན་ལེན་སྒོས། དཀའ་སྡུག་གི་དོན་དངོས་དང་འབྲེལ་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ཆེན་མོའི་གདོང་མཆོང་གི་གཡུལ་བཤམས་ནས་གདོང་མཆོང་གི་འཛིང་རགས་གཏོར་བཞིན་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་གཏིང་ཐག་ཆོད་པ་ལེན་དགོས་པ་བསྟན། དེ་ཡང་ཁྱོན་ཡོངས་ནས་དམིགས་འབེན་འགན་འཁྲི་དང་དབུལ་པོ་ལས་ཐར་བའི་ཚད་གཞི་དམ་འཛིན་སྒོས་བརྒྱུད་རིམ་ངོས་ལེན་སོགས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རྩོད་ཐད་ལ་བྱེ་བྲག་གི་གོ་བ་ཟབ་མོ་ལེན་དགོས་ཤིང་། སྔར་ལས་ལྷག་པའི་སྒ་ནས་ཞིབ་བཤེར་ཞིབ་འཇུག་གིས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་བྱ་བ་འདྲ་མིན་སོ་སོར་སྐུལ་འདེད་བྱེད་པར་རྩ་འཛུགས་བྱས་ནས་སེམས་ན་ཚད་གཞི་ཡོད་པ་ནས་མཁྲེགས་གཏོར་གནད་ལ་ཁེལ་བ་བཅས་ཀྱིས་གཅིག་ཀྱང་ཆད་ལྷག་བྱུང་མི་རུང་ཞེས་བསྟན།

ཙོང་ཁ་རྫོང་གི་རྫོང་དཔོན་ཀྲའོ་ཏུང་གིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་གྱིས་དཀའ་ཁག་ཁྱད་དུ་བསད་དེ་གནད་དོན་གཅིག་རེ་ནས་གཅིག་རེ་མེད་པར་བཏང་ནས་ཞན་ཆ་རེ་རེ་ནས་རེ་རེ་ཁ་གསབ་བྱེད་དགོས་ལ། དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲི་ཅི་རིགས་གཅིག་ཀྱང་ཉུང་མི་རུང་ལ། རིམ་པ་གཅིག་ཀྱང་བོར་སྟོར་བྱེད་མི་རུང་ཚུལ་བསྟན། དེ་མིན་གོམ་པ་གང་ཡང་རྗེས་སུ་ལུས་མི་རུང་བར་ཁག་ཐེག་བྱ་དགོས་ཟེར། ངེས་པར་དུ་ལས་བྱེད་པ་དང་མི་དམངས་སེམས་པ་གཅིག་ཏུ་སྦྲེལ་ནས་སྟོབས་ཤུགས་མཉམ་གནས་སྒོས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ཁྲོད་ལྟད་མོར་ལྟ་མཁན་མེད་པར་ཚང་མ་ཟབ་ཞུགས་མཁན་བྱ་དགོས་ལ། ཏང་ཡོན་ལས་བྱེད་པ་དག་གིས་སྒུག་མི་རུང་བའི་དམ་འཛིན་ཚོར་ཤེས་དང་འགོར་འགྱངས་བྱེད་མི་རུང་བའི་ཉེན་ཚབས་རང་བཞིན། འདུག་མི་རུང་བའི་འགན་འཁྲིའི་རང་བཞིན་བཅས་ཀྱིས་སྟོབས་ཤུགས་ཡོད་ཚད་དབུལ་ཐར་མཁྲེགས་གཏོར་ཁྲོད་བཏང་ནས་ཐོན་ཁུངས་ཡོད་ཚད་ཀྱང་དབུལ་ཐར་མཁྲེགས་གཏོར་སྟེང་སྙོམས་སྒྲིག་གིས་སྔ་ན་མེད་པའི་ཆེས་ཆེ་བའི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ་དམིགས་འབེན་མ་འགྲུབ་པའི་བར་དུ་གཏན་ནས་མཚམས་འཇོག་མི་རུང་ཟེར།

ཚོགས་ཆེན་གྱི་སྟེང་དུ་ཤང་དང་གྲོང་བརྡལ་གྱི་རྫོང་རིམ་པའི་འགོ་ཁྲིད་འཐུས་ཚབ་པ། ཤང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འཐུས་ཚབ་པ། སྡེ་སྡོད་ཧྲུའུ་ཅི་དང་པོའི་འཐུས་ཚབ་པ། དབུལ་ཕོངས་སྡེ་བ་མ་ཡིན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་ཚབ་པ། སྲིད་འཛིན་སྡེ་ཁག་གི་འཐུས་ཚབ་པ་སོགས་ཀྱིས་རང་རང་གི་རྣམ་འགྱུར་ཐད་ཀྱི་གསུང་བཤད་གནང་། ཚོགས་ཆེན་གྱི་རྗེས་སུ་ཚོགས་ཞུགས་མི་སྣ་དག་ལ་དབུལ་ཐར་མཁྲེགས་གཏོར་སྲིད་དོན་ཐད་ཀྱི་ཆེད་དོན་གསབ་སྦྱོང་ཡང་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།