འབྲི་སྟོད་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཡིག་ཚགས་དོ་དམ་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ད་ལོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་བྱེད་པའི་ཡིག་ཚགས་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། ལས་བྱེད་པའི་ཡིག་ཚགས་དོ་དམ་བྱེད་པའི་ཆ་འཕྲིན་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་ནས་ཡིག་ཚགས་དོ་དམ་ཆུ་ཚད་གཅིག་བསྡུས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ་རེད།

བྱ་བའི་ཁྲོད།  ལས་སྒོའི་ཤེས་བྱ་སློབ་སྦྱོང་དང་ཡིག་ཚགས་དོ་དམ་བྱེད་ཐབས་གསོ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ་འབྲི་སྟོད་རྫོང་གིས་ལས་ཁུངས་ལས་རིགས་སྡེ་ཁག་གི་ཡིག་ཚགས་དོ་དམ་མི་སྣར་སློབ་གསོའི་དོ་དམ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ལས་ཁུངས་སོ་སོའི་ཡིག་ཚགས་དོ་དམ་མི་སྣའི་ཆ་འཕྲིན་རྩིས་ཁྲ་འཐུས་ཚང་དུ་བཏང་སྟེ་ཡིག་ཚགས་དོ་དམ་མི་སྣའི་ལས་འགན་སྔར་ལས་ཇེ་གསལ་དུ་བཏང་།  ཡིག་ཚགས་སུ་གཏོགས་པའི་ཡིག་ཆ་ལེགས་སྒྲིག་བྱེད་ལུགས་འགྲེལ་ཀློག་དང་སྡེ་ཁག་སོ་སོའི་ཡིག་ཚགས་དོ་དམ་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་ནས་ལག་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡིག་ཚགས་ཁང་གི་བདེ་འཇགས་དོ་དམ་དང་ཡིག་ཚགས་གསང་སྲུང་བྱ་བའི་ལམ་ལུགས་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་བ་དང་།  བདེ་འཇགས་བྱ་བའི་བྱེད་ཐབས་སོ་སོ་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་ཡིག་ཚགས་བྱ་བའི་ལམ་ལུགས་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་བ་རེད།

དེ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུས་གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དོ་དམ་གྱི་ཆུ་ཚད་ལ་འགན་སྲུང་བྱས་ཏེ།གནད་འཁེལ་དབུལ་སྐྱོར་ཡིག་ཚགས་ཀློག་བཤེར་དང་བརྒྱུད་སྤྲོད་སོགས་ཀྱི་གོ་རིམ་གསལ་ལ་ཟིན་ཐོ་ཡོད་པར་བྱས་ནས་ཡིག་ཚགས་རྒྱུ་ཆ་དོ་དམ་ནན་མོ་དང་ཞིབ་ཚགས་ལྡན་པ།བེད་སྤྱོད་བྱེད་པར་སྟབས་བདེ་བཅས་བཟོས་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།