ཧོར་གྲོང་རྫོང་གིས་ཞིང་སྡེའི་འགན་སྲུང་དམའ་བའི“ལས་ཕོགས”ཡང་བསྐྱར་ཇེ་མཐོར་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་གནད་འཁེལ་དབུལ་སྐྱོར་གྱི་གནད་འཁེལ་དབུལ་སྐྱོར་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་ཅན་དུ་གཏོང་བ། བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ལམ་སྲོལ་འཐུས་ཚང་དུ་གྲུབ་པར་བྱེད་པ། ཞིང་སྡེའི་འགན་སྲུང་དམའ་བའི་ལམ་ལུགས་དེས་དབུལ་ཐར་མཁྲེགས་གཏོར་ཁྲོད་འགན་ནུས་ཀྱི་བྱེད་ནུས་ཐོན་པར་བྱེད་པ། ནུས་ཤུགས་གང་ཡོད་སྒོས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་བདེ་འཇགས་འགན་སྲུང་དྲ་བ་བཙུགས་པ་རེད། རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ཞིང་སྡེའི་འགན་སྲུང་དམའ་བའི་ཚད་གཞི་དེ་ཡང་བསྐྱར་མཐོར་འདེགས་སུ་བཏང་ནས་མི་རེའི་ལོ་རེར་སྒོར3320ནས་སྒོར3700ལ་མཐོ་རུ་བཏང་།

ཧོར་གྲོང་རྫོང་གིས་གོམ་གང་མདུན་སྤོས་སྒོས་ཞིང་སྡེའི་འགན་སྲུང་དམའ་བའི་ཁྱིམ་ཚང་གི་དཔྱད་འཇོག་ཚད་གཞི་སྔར་ལས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། དེ་ཡང་བྱེད་ཐབས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད། འགན་སྲུང་དམའ་བའི་ལམ་ལུགས་དེ་འཐུས་ཚང་དུ་གཏོང་ཆེད་མིའི་འབྲེལ་བ་ལ་བརྟེན་ནས་འགན་སྲུང་དམའ་བའི་ཁྲོད་བཞག་པའི་སྲིད་ཇུས་རང་བཞིན་གྱི་རྨང་གཞི་དེ་འཐུས་ཚང་ཅན་དུ་བཏང་། དེ་ཡང་རྩད་གཅོད་བྱས་པའི་གནད་གཙོ་བོ་ནི་ནོར་འཁྲུལ་ཅན་དང་འགན་བཅོལ་ལ་ཆད་ལྷག་བྱུང་བའི་གནས་ཚུལ། འགན་སྲུང་དམའ་བའི་ཁ་ཕྱོགས་དྲང་བཞག་གིས་དཔྱད་འཇོག་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱེད་ཆེད།དེ་ཡང་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་མི་སྣ70ལྷག་རྫོང་གི་གྲོང་བརྡལ་འགན་སྲུང་དམའ་བའི་དཔྱད་འཇོག་ཨུ་ཡོན་དུ་འདེམས་བསྐོ་བྱས་ཤིང་། རྒྱ་ཆེའི་སྤྱི་ཚོགས་སྟེང་ནས་ལྟ་སྐུལ་ཚད་ལེན་གྱིས་འགན་སྲུང་དམའ་བའི་ཁ་ཕྱོགས་ལ་དྲང་བདེན་དྲང་བཞག་གི་ཚད་ལེན་དཔྱད་འཇོག་ཐོབ། སྡེ་བ་རིམ་པའི་ཚད་ལེན་དཔྱད་འཇོག་གཞིར་བཟུང་ནས་ཤང་དང་གྲོང་བརྡལ་གྱི་ཞིབ་བཤེར་ཚད་ལེན་བྱས་ཤིང་དམངས་སྲིད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་ནས་སྤྱི་བསྒྲགས་འགྲོ་ལུགས་སྒྲུབ། དངོས་ཐོག་བདེན་འཚོལ་དང་ཕྱིའི་ཆ་ནས་དྲང་བཞག་སྒོས་འགན་སྲུང་དམའ་བའི་ཁ་ཕྱོགས་གཙོ་བོ་གཏན་ལ་ཕབ་པ་རེད།

དེ་དང་ཆབས་ཅིག འགན་སྲུང་ཚད་གཞི་མཐོར་འདེགས་སུ་བཏང་ཞིང་འགན་སྲུང་དམའ་བའི་ནུས་ཤུགས་ལ་ཚོད་འཛིན་སྒོས་ཞིང་སྡེའི་འགན་སྲུང་དམའ་བའི་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་འགན་སྲུང་དམའ་བའི་འགན་བཅོལ་གྱི་བྱེད་ནུས་དེ་འདོན་སྤེལ་སྒོས་ཞིང་སྡེའི་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་བཅོལ་གྱི་ཚད་གཞི་དང་རིགས་དབྱེའི་ལག་བསྟར་འཐུས་ཚང་ཅན་དུ་བཏང་ནས་ཁ་གསབ་ཀྱི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། དེ་དང་ཆབས་ཅིག་མ་དངུལ་བསྡུ་རུབ་དང་ཕྱིར་གཏོང་དོ་དམ་སྔར་ལས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་རྫོང་། ས་ཁུལ་བཅས་ཀྱི་ནོར་སྲིད་དང་དམངས་སྲིད། རྩིས་བཤེར་ཚད་ལེན་སོགས་སྡེ་ཁག་དག་གི་མ་དངུལ་ལྟ་སྐུལ་དོ་དམ་ཚད་ལེན་ཞིབ་བཤེར་དང་རྩིས་བཤེར་ལ་ཤུགས་བསྣན་ནས་ཞིང་སྡེའི་འགན་སྲུང་དམའ་བའི་མ་དངུལ་དུས་ལྟར་སྤྲོད་པར་བྱང་བུ་གཅིག་གྱུར་གྱིས་དུས་ལྟར་འགན་སྲུང་དམའ་བའི་ཁྱིམ་མི་དག་གི་ལག་ལ་འཕྲོད་དུ་བཅུག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།