ཙོང་ཆུའི་ལྷོ་བྱང་རྒྱུད་ཀྱི་ལྗང་མདོག་ཡུར་ལམ་ལ་ཁྱོན་ཡོངས་ནས་ཆུ་གཏོང་ཐུབ་པར་གྱུར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཁྱོན་ཡོངས་ནས་ཚའོ་ཅ་པའོ་གནམ་ཐང་གི་ཉེ་འཁོར་ཧྲིལ་པོའི་ལྗང་སྒྱུར་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་པ། “ལྗང་མདོག་སྒྲིག་ཡོལ་དང་གྲོག་རོང་ལྗང་སྒྱུར། མཁར་རྫོང་ལྗང་སྒྱུར”བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཅས་བྱེད་ཆེད། ཧོར་གྲོང་ཧོར་རིགས་རང་སྐྱོང་ཁུལ་གྱིས་སྤྱིའི་མ་དངུལ་སྒོར་ཁྲི8075.85བཏང་སྟེ་ཙོང་ཆུའི་ལྷོ་བྱང་རྒྱུད་ཀྱི་ལྗང་སྒྱུར་ཡུར་ལམ་ཆུ་བེད་སྒྲིག་ཆས་ཀྱི་བཟོ་སྐྲུན་ལག་བསྟར་དོན་འཁྱོལ་བྱས། (ཧོར་གྲོང་རྫོང་མཐོ་ཀྲེ་སྡེ་བའི་རྒྱབ་ཕྱོགས་ཀྱི་རི་ཁུལ་ཧྲིལ་པོ་ཡིན།) ད་ལྟའི་ཆར་བཟོ་སྐྲུན་དེ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་ཁྱོན་ཡོངས་ནས་ཆུ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད།

ཙོང་ཆུའི་ལྷོ་བྱང་རྒྱུད་ཀྱི་ལྗང་སྒྱུར་ཡུར་ལམ་ཆུ་བེད་སྒྲིག་ཆས་ཀྱི་བཟོ་སྐྲུན(ཧོར་གྲོང་རྫོང་མཐོ་ཀྲེ་སྡེ་བའི་རྒྱབ་ཕྱོགས་ཀྱི་རི་ཁུལ་ཧྲིལ་པོ།) དེ་ནི་ཧོར་གྲོང་རྫོང་ཧོང་ཡ་ཙི་ཀུའུ་གྲོག་རོང་གཡོན་རྒྱུད་ནས་གནམ་གྲུ་འབབ་ཐང་གི་བྱང་ངོས་རི་སྟེང་དུ་ཡོད་ལ། ཤར་དུ་ཧོང་ཡ་ཙི་ཀུའུ་རི་རྒྱུད་ནས་ནུབ་དུ་ཧྭ་ལ་གྲོག་རོང་། བྱང་དུ་ཚའོ་ཅ་པོ་གནམ་གྲུ་འབབ་ཐང་གི་བྱང་ངོས་རིམ་པ་དང་པོའི་རི་རྒྱུད། ལྷོ་རུ་གནམ་ཐང་གི་བྱང་རྒྱུད་ནས་རི་བོའི་ལྷོ་རྒྱུད་བར་ཡིན། དེ་ཡང་མ་ཅ་ཆུ་མཛོད་ནས་ཆུ་དྲངས་སྟེ་རང་འབབ་ཆུའི་ཡུར་ལམ་བརྒྱུད་ཧོར་གྲོང་རྫོང་གི་ཀའོ་ཀྲེ་རི་བོའི་རྒྱུད་ཀྱི་ལྗང་སྒྱུར་ཡུར་ལམ་ཆུ་བེད་གནད་དོན་ཐག་གཅོད་བྱས་ཤིང་། ཡུར་ལམ་རྒྱ་ཁྱོན་སྤྱི་ཆིངས1844ལ་ཚོད་འཛིན་ཐེབས་ཡོད། ཀའོ་ཀྲེ་རི་བོའི་རྒྱབ་ཕྱོགས་ཀྱི་ལྗང་སྒྱུར་བཟོ་སྐྲུན་དེ་ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལྗང་སྒྱུར་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ཏེ་མཚོ་སྔོན་ཤར་རྒྱུད་ཀྱི་ལྗང་མདོག་སྒྲིབ་ཡོལ་སྒྲིག་འཛུགས་བྱེད་པའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ཞིག་ཡིན་ངེས།

ཙོང་ཆུའི་ལྷོ་བྱང་རྒྱུད་ཀྱི་ལྗང་སྒྱུར་ཡུར་ལམ་ཆུ་བེད་སྒྲིག་ཆས་བཟོ་སྐྲུན་ཏེ། (ཧོར་གྲོང་རྫོང་མཐོ་ཀྲེ་སྡེ་བའི་རྒྱབ་ཕྱོགས་ཀྱི་རི་ཁུལ་ཧྲིལ་པོ་ཡིན།) ལག་བསྟར་དོན་འཁྱོལ་བྱས་པས། རྫོང་དེའི་ཀའོ་ཀྲེ་རི་བོའི་ལྟག་རྒྱབ་རི་ཁུལ་དུ་སྤྱི་ཆིངས1684ལྷག་ལ་ནགས་ཚལ་བཟོ་སྐྲུན་གྱི་ཡུར་ལམ་བཟོས་ཤིང་རྣམ་གྲངས་ས་ཁུལ་དེའི་ལྗང་མྱུག་གི་གསོན་ཚད་ཐད་ལ་ཧུར་ཐག་གི་བྱེད་ནུས་གལ་ཆེན་ཞིག་ཐོན་པར་འགན་བཅོལ་ཐོབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།