རང་ཞིང་གིས་ཟས་རིགས་སྨན་རྫས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི804རྩད་ཞིབ་ཐག་གཅོད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།   ད་ལོའི་ཚུན་ལ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཟས་རིགས་སྨན་རྫས་ཞིབ་བཤེར་སྡེ་ཁག་གིས་གྱོད་ཡོད་ངེས་ཞིབ་དང་རྡུང་རྡེག་ཚ་མནན་ལ་རྒྱུན་འཁྱོངས་བྱས་ཤིང་། ཟས་རིགས་སྨན་རྫས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་སྐོར་ཞིག་རྩད་ཞིབ་བྱས་ཏེ།   རྫུན་འགོག་ལྷད་བཅོས་ཀྱི་རྣམ་པ་བསྟུད་མར་རྒྱུན་འཁྱོངས་བྱས་པ་རེད།

ཟླ8པའི་ཚེས31ཉིན་གྱི་བར་དུ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཟས་རིགས་སྨན་རྫས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི804ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱས།  དུས་མཉམ་དང་བསྡུར་ན42%ཀྱིས་ཇེ་མང་ལ་སོང་ཡོད། དེའི་ཁྲོད།  བཟའ་བཅའི་གྱོད་གཞི538དང་སྨན་རྫས་གྱོད་གཞི177ཡོད་ལ།   སྐག་རྫས་གྱོད་གཞི37།  སྨན་བཅོས་སྒྲིག་ཆས་གྱོད་གཞི46དང་ཁམས་སྲུང་ཟས་རིགས་གྱོད་གཞི6ཡོད་པ་རེད།    ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་ཀྲོའུ་ག་གེ་མོའི་དུག་ལྡན་གནོད་ལྡན་གྱི་བཟའ་བཅའི་དྲོ་རྫས་གྱོད་གཞི་དང་།   མཁར་བྱང་ཁུལ་ཝང་ག་གེ་མོས་ཁྲིམས་འགལ་གྱིས་སྨན་རྫས་ཕྱིར་འཚོང་བྱེད་པའི་གྱོད་གཞི་སོགས་གཞི་རྒྱ་ཆེ་ལ་ཤུགས་རྐྱེན་ཚབས་ཆེན་ཡིན་པ།  མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་ཚབས་ཆེན་གཏོང་བའི་གྱོད་གཞི་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱས་པ་རེད།  

ཁྲིམས་འགལ་གྱི་བརྡ་ཁྱབ་སྣང་ཚུལ་ལ་ཡང་ནུས་ལྡན་གྱིས་བཅོས་སྐྱོང་བྱས་པ།    ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བརྡ་ཁྱབ་ཞིབ་བཤེར་ལྟ་སྐུལ་དོ་དམ་དེ་ལས་དོན་གལ་ཆེན་ཞིག་ཏུ་རྩིས་ཏེ།  སྨན་རྫས་སོགས་ཀྱི་ཐོན་རྫས་བརྡ་ཁྱབ་ཞིབ་བཤེར་ཆོག་མཆན་འགག་སྒོར་གཟབ་ནན་སྒོས་ཚོད་འཛིན་དང་།  ཁྲིམས་འགལ་གྱི་བརྡ་ཁྱབ་ལྟ་ཞིབ་ཚད་ལེན་དང་བཅོས་སྐྱོང་ཚད་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།