དཔལ་འབྱོར་འཁོར་རྒྱུག་གིས་མཚོ་ནུབ་ཁུལ་གྱི་ལྷད་མེད་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་བསྩལ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས།    ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆ་རུ་བསྒྱུར་ཐུབ་པར་ཧུར་བརྩོན་བྱེད་བཞིན་ཡོད་ལ།    ཐོན་ཁུངས་རྣམ་པ་དང་སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་ལྷད་མེད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ལག་བསྟར་བྱེད་བཞིན་ཡོད།  

མཚོ་ནུབ་ཁུལ་དེ་རང་ཞིང་གིས་འདེགས་སྐྱོར་བྱེད་བཞིན་པའི“གཙང་གསུམ་འབྱུང་ཡུལ”སྲུང་སྐྱོབ་ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས།   ཐོན་ཁུངས་མང་པོ་གཅིག་འདུས་ཀྱི་ས་ཁུལ་ཡིན་ལ་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཁུལ་ཡང་ཡིན།      དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འགལ་བ་ཐག་གཅོད་བྱ་ཆེད།    དཔལ་འབྱོར་འཁོར་རྒྱུག་འཕེལ་རྒྱས་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས།   ཉེ་བའི་ལོ་འདི་འགར།    དཔལ་འབྱོར་འཁོར་རྒྱུག་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཟུང་འབྲེལ་བྱེད་རྒྱུ་གཙོར་བཟུང་ནས།    རྣམ་པ་གསར་པའི་ལྷད་མེད་ཐོན་ལས་ཏེ། སུར་པན་དང་འཕང་འབྲས་སོགས་གྲང་ངར་དང་བྱེ་མ་འགོག་ཐུབ་པའི་རྩི་ཤིང་རིགས་འདེབས་འཛུགས་ཀྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ཞིང་། ཉི་ནུས་དང་རླུང་ནུས་བེད་སྤྱད་ནས་གསར་སྤེལ་བྱས་པའི་ནུས་ཁུངས་གསར་པའི་ཐོན་ལས་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བྱས་པའི་རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་བཏོན་པ་རེད།     ལྷག་པར་དུ་བྱེ་སྐྱེས་སྐྱེ་དངོས་གཞི་རྒྱ་ཆེ་བའི་སྒོ་ནས་འདེབས་འཛུགས་བྱས་པ་དེས།   ས་ཆ་བྱེ་འགྱུར་དང་ས་ཆུ་ཤོར་བའི་ཐད་ལ་ནུས་ལྡན་གྱིས་བཀག་འགོག་བྱེད་ཐུབ་པར་མ་ཟད།   ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ལ་ཕན་འབྲས་ངེས་ཅན་ཞིག་ཐོབ་སྟེ།   སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཀྱི་དགེ་མཚན་ལྡན་པའི་མཉམ་སྐུལ་མངོན་འགྱུར་བྱེད་ཐུབ་པ་བྱུང་།  དེ་དང་མཉམ་དུ།    ཉི་ནུས་དང་རླུང་ནུས་ཀྱི་ནུས་ཁུངས་གསར་པའི་དངོས་གཙང་གསར་སྤེལ་བེད་སྤྱོད་བྱས་ཏེ།   ནུས་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།   ཁོར་ཡུག་སྦག་བཙོག་གཏན་འགོག་དང་དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་བ་སོགས་ཀྱི་ཕྱོགས་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤྲོད་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།