རྒྱལ་སྟོན་དུས་ཆེན་སྐབས་སུ་གཞུང་ལམ་འདི་དག་བཀག་སྡོམ་བཟོ་སྐྲུན་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གསར་འགོད་པས་ཟླ9པའི་ཚེས26ཉིན་ཞིང་ཆེན་འགྲིམ་འགྲུལ་དྲ་རྒྱ་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན།   རྒྱལ་སྟོན་དུས་ཆེན་སྐབས་སུ། ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ9བཀག་སྡོམ་བཟོ་སྐྲུན་བྱ་རྒྱུ་རེད།     དེ་དག་ནིG6ཅིན་དབུས་མྱུར་བགྲོད་གཞུང་ལམ།  G0612མཁར་ནུབ་མྱུར་བགྲོད་གཞུང་ལམ། S104ཟི་ལིང་ནས་ཁྲི་ཀའི་བར་གྱི་མྱུར་ལམ།  S201ཁྲོན་ཏཱ་མྱུར་ལམ།  G0611ཀྲང་ཝེན་མྱུར་ལམ།   G316བླ་བྲང་ནས་རེབ་གོང་བར་གྱི་མྱུར་ལམ།   G338ཧའེ་ཞིན་ནས་ཐེམ་ཆེན་བར་གྱི་མྱུར་ལམ།  S102དམར་གཙང་ནས་ཧོར་གྲོང་དེ་ནས་རྟ་ཐང་བར་གྱི་མྱུར་ལམ། G310ལམ་ཐིག་བཅས་གཞུང་ལམ9བཀག་སྡོམ་བཟོ་སྐྲུན་བྱ་རྒྱུ་རེད།    ཞིབ་ཕྲའི་བཟོ་སྐྲུན་དུས་ཚོད་དང་ལམ་ཐིག་གཤམ་གསལ་ལྟར།  

▲G6ཅིན་དབུས་མྱུར་བགྲོད་གཞུང་ལམ( G6京藏高速) ། མཱ་ཁྲང་ཧིན་ཕུག་ལམ་ནས G109ཅིན་ལཱ་ལམ་ཐིག་འབྲེལ་སྣའི་མཐུན་སྒྲིལ་ཟམ་ཆེན་བར།   བཀག་སྡོམ་བཟོ་སྐྲུན་དུས་ཚོད། 2018ལོའི3པའི་ཚེས30ཉིན་ནས2018ལོའི11པའི་ཚེས30ཉིན་བར་རེད།

▲G0612མཁར་ནུབ་མྱུར་བགྲོད་གཞུང་ལམ( G0612西和高速)། མཁར་ནུབ་སྲང་ཆེན་དང་སྟོད་པ།  དེ་ནས་ཟི་ལིང་ཕྱོགས་ཀྱི་གཞུང་ལམ་སྣོལ་ཚིགས་བར།    བཀག་སྡོམ་བཟོ་སྐྲུན་དུས་ཚོད།  བཀག་སྡོམ་དུས་ཚོད་ནས2018ལོའི12པའི་ཚེས31ཉིན་བར་རེད།

▲S104ཟི་ལིང་ནས་ཁྲི་ཀའི་བར་གྱི་མྱུར་ལམ། ཤམ་པ་ལྷའི་ལམ་ཆེན( 香格里拉大道上下线口) ནས་ཧྥིན་ཆིན་ལམ(མཁར་ལྷོ་ས་ཁུལ)ཟི་ལིང་ནས་སྐུམ་འབུམ་བར་གྱི་མྱུར་ལམ།   བཀག་སྡོམ་བཟོ་སྐྲུན་དུས་ཚོད། 2018ལོའི9པའི་ཚེས15ཉིན་ནས2018ལོའི11པའི་ཚེས30ཉིན་བར་རེད།

S201ཁྲོན་ཏཱ་མྱུར་ལམ( S201川大高速)། གཞུང་ཐང་ལྷོ་ཕྱོགས་ནས་ཀོའུ་ཧྲན་ལམ།  ཀོན་ཐེན་ནས་མཱན་ཕེན་བར་གྱི་གཞུམ་ལམ།   བཀག་སྡོམ་བཟོ་སྐྲུན་དུས་ཚོད། བཀག་སྡོམ་དུས་ཚོད་ནས2018ལོའི12པའི་ཚེས31ཉིན་བར་རེད།

▲ G0611ཀྲང་ཝེན་མྱུར་ལམ  (G0611张汶高速)། དམར་གཙང་ནས་ཨ་སྡེ་ཕུག་ལམ་གྱི་ཁྲལ་སྡུ་ས་ཚིགས་བར།  བཀག་སྡོམ་ཤར་གཏོང་དུས་ཚོད་གསལ་པོ་མི་ཤེས།  

▲G316བླ་བྲང་ནས་རེབ་གོང་བར་གྱི་མྱུར་ལམ(G316夏河至同仁)།  ཅའེ་ཙི་ནས་ཁྲི་ཀའི་བར།  སྤྱི་ལེ59མཚམས་ཀྱི (པའོ་ཨན་གྲོང་བརྡལ)གཞུང་ལམ།    བཀག་སྡོམ་བཟོ་སྐྲུན་དུས་ཚོད། འཆར་འགོད་ལག་བསྟར་དུས་ཚོད་ནས2018ལོའི་ཟླ10ཚེས30ཉིན་བར་རེད།

▲G338ཧའེ་ཞིན་ནས་ཐེམ་ཆེན་བར་གྱི་མྱུར་ལམ། ཆུ་ཁོལ་ནས་མེ་རི་བར་གྱི་གཞུང་ལམ།   བཀག་སྡོམ་བཟོ་སྐྲུན་དུས་ཚོད།  བཀག་སྡོམ་དུས་ཚོད་ནས2018ལོའི10པའི་ཚེས19ཉིན་བར་རེད།

▲S102དམར་གཙང་ནས་ཧོར་གྲོང་བར་གྱི་གཞུང་ལམ།     བཀག་སྡོམ་བཟོ་སྐྲུན་དུས་ཚོད། བཀག་སྡོམ་དུས་ཚོད་ནས2018ལོའི10པའི་ཚེས10ཉིན་བར་རེད།

▲G310ལམ་ཐིག(原青关线)།    བཀག་སྡོམ་བཟོ་སྐྲུན་དུས་ཚོད། བཀག་སྡོམ་དུས་ཚོད་ནས2018ལོའི10པའི་ཚེས31ཉིན་བར་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།