མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འཛུགས་སྐྲུན་ལས་གཞི་གལ་ཆེན190གཤམ་སྤྲོད་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།   གསར་འགོད་པས་ཞིང་ཆེན་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན།    2018ལོའི་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་དང་འཛུགས་སྐྲུན་ལས་གཞི་གལ་ཆེན་བྱ་བ་ལེགས་པོར་བསྒྲུབ་ཆེད།      ལས་གཞི་གལ་ཆེན་ཐད་ལ་མ་དངུལ་གྱིས་རོགས་འདེགས་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས། ལོ་མཇུག་གི་དངུལ་གཏོང་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་བར་འགན་ལེན་བྱས་ཏེ།  ཞིང་ཆེན་སྲིད་གཞུང་གིས2018ལོའི་ཞིང་ཆེན་ཡོངས་ཀྱི་སྲ་བརྟན་རྒྱུ་ནོར་དངུལ་གཏོང་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་འགན་འཁྲིའི་དམིགས་འབེན་གཤམ་སྤྲོད་གནང་།  

2018ལོར་བསྡོམས་པས་ལས་གཞི་གལ་ཆེན་རྣམ་གྲངས190བཀོད་སྒྲིག་བྱས་ཡོད་ལ།  དེའི་ཁྲོད་གཙོ་བོ་ཆུ་བེད་དང་འགྲིམ་འགྲུལ།  ཆ་འཕྲིན།  མཁར་གྲོང་རྨང་གཞིའི་སྒྲིག་ཆས།  ཐོན་ལས་ལེགས་བསྒྱུར་རིམ་འཕར། སྐྱེ་ཁམས་འཛུགས་སྐྲུན་དང་དམངས་ཚིས་ལེགས་བཅོས་ལས་གཞི་སོགས་ཕྱོགས་སྣ8འདུས་ཡོད།   བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8535བཏང་ཡོད་པ་དང་ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་དུང་ཕྱུར1800ལེགས་འགྲུབ་བྱ་རྒྱུ་རེད།

དེར་ཆུ་བེད་རྨང་གཞིའི་སྒྲིག་ཆས་ལས་གཞི6ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར25.3ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་རྨ་ཆུའི་ཆུ་ལོག་སྔོན་འགོག་དང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་སོགས་ཀྱི་ལས་གཞི་འདུས་ཡོད།

ཕྱོགས་བསྡུས་འགྲིམ་འགྲུལ་ལས་གཞི49ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར485.4ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་རྒྱ་བསྐྱེད་པ་དང་མཚོ་སྔོན་པོ་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གཞི་འདུས་ཡོད།

ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལས་གཞི21ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་དུང་ཕྱུར361.7ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་གཡང་འཁྱིལ་ཆུ་གློག་ས་ཚུགས་དང་འོད་ནུས་རླུང་གློག་སོགས་ཀྱི་ལས་གཞི་འདུས་ཡོད།

ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་ལས་གཞི3ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར103.5ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་ཆ་འཕྲིན་འཛད་སྤྱོད་འཛུགས་སྐྲུན་དང་གཞི་གྲངས་ལྟེ་གནས་སོགས་ཀྱི་ལས་གཞི་འདུས་ཡོད།

མཁར་གྲོང་རྨང་གཞིའི་སྒྲིག་ཆས་ལས་གཞི16ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར208.6ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་དོ་དམ་སྦུག་གུ། བོད་ཁུལ་གྱི་མཁར་གྲོང་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ལས་གཞི་འདུས་ཡོད།

ཐོན་ལས་ལེགས་བསྒྱུར་རིམ་འཕར་ལས་གཞི65ཡོད། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར317ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་སོགས་ཀྱི་ལས་གཞི་འདུས་ཡོད།

སྐྱེ་ཁམས་འཛུགས་སྐྲུན་ལས་གཞི10ཡོད་ལ། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར38.6ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ།  མཚོ་བྱང་ཁུལ་གྱི་རི་ཆུ་ནགས་གསུམ་སོགས་ཀྱི་ལས་གཞི་འདུས་ཡོད།

དམངས་ཚིས་ལེགས་བཅོས་ལས་གཞི20ཡོད་ལ། ལོ་མཇུག་གི་འཆར་གཞི་ལྟར་ན་མ་དངུལ་དུང་ཕྱུར270.4ལེགས་འགྲུབ་བྱ་རྒྱུ་རེད། དེའི་ཁྲོད་གཙོ་བོ་ཞིང་ཆེན་འཕྲོད་བསྟེན་སློབ་ཁུལ་གསར་པ་དང་དབུལ་སྐྱོར་གནས་སྤོ།  མཛེས་པའི་ཤང་སྡེ་དང་སྤྱོད་ཁང་བཅོས་བསྒྱུར་སོགས་ཀྱི་ལས་གཞི་འདུས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།