མཚོ་ལྷོ་ཁུལ་གྱིས་རིམ་པ་བགར་ཏེ་ནད་བརྟག་སྨན་བཅོས་བྱེད་པའི་ལམ་ལུགས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

རྣམ་པ་མང་པོའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་ཆེད།  ཉེ་བའི་ལོ་འགའི་རིང་།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་དང་བོད་སྨན་ཁང་གི་སྨན་བཅོས་མཉམ་འབྲེལ་ཚོགས་པ།  ཞིང་སྡེའི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་སྲ་བརྟན་དུ་བཏང་སྟེ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གཙོ་ཡིན་པའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།  སྨན་བཅོས་མཉམ་འབྲེལ་ཚོགས་པ་རྩ་འཛུགས་ཀྱི་ནང་དོན་དང་དོ་དམ་བྱེད་ཐབས།   དཔྱད་ཞིབ་ནང་རྐྱེན་སོགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་ཁུལ་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་དང་འཕྲལ་བཅོས་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།

མིག་སྔར།  ཁུལ་ཡོངས་སུ་རྣམ་པ་མི་འདྲ་བའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་བཅུ་གསུམ་བཙུགས་ཡོད་པ་དང་།  ཁུལ་དང་རྫོང་།  ཞང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྡེ་ཁག་གི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་།  གཞི་རིམ་དུ་སྔོན་ལ་ནད་བརྟག་སྨན་བཅོས་བྱེད་པ་དང་།  བྲེལ་བའི་རང་བཞིན་གྱི་ནད་རིགས་དང་དལ་བའི་རང་བཞིན་གྱི་ནད་རིགས་རིགས་བགར་ཏེ་སྨན་བཅོས་བྱེད་པ།  གོང་འོག་མཉམ་འགུལ་བྱེད་པ་སོགས་ཀྱི་རིམ་པ་བགར་ཏེ་ནད་བརྟག་སྨན་བཅོས་བྱེད་པའི་རྣམ་པར་ཐོག་མའི་གྲུབ་འབྲས་ཐོབ།

དེ་མིན།  ཁུལ་ཡོངས་སུ་ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བ་རྒྱུན་མཐུད་ངང་སྤེལ་ནས་སྡོད་དམངས་ཀྱི་ཐོབ་ཚོར་དང་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།