ཞིང་ཆེན་རྩ་འཛུགས་པུའུ་ཡིས་དངོས་འབེབས་བྱ་འགུལ་ཤུགས་ཆེར་འཛིན་པར་བཀོད་སྒྲིག་བྱས་ཤིང་ལས་སྒོ་སྤེལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《 སྤེལ་རྒྱུའི་སྐོར་གྱི་གནད་དོན་ལ་དམིགས་ནས་བྱེད་པ་དང་། དཀའ་ངལ་ལ་དམིགས་ནས་བྱེད་པ། དོན་འཁྱོལ་ལ་དམིགས་ནས་བྱེད་པ་བཅས་ཀྱི་བྱེད་སྒོའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས། ལས་འགན་གཙོ་བོ་དང་གཏན་འཁེལ་གསལ་པོ་བྱེད་པ་དང་། ལས་འགན་གྱི་གསལ་ཐོ་བཀོད་པ་དང་། བྱེད་ཐབས་དང་གོམ་རིམ་ཞིབ་ཕྲ་བཟོ་བ། ནན་པོ་དང་ཏན་ཏིག་གི་བྱ་སྤྱོད་ཐོག་ནས་ནུས་ཤུགས་ཡོད་རྒུས་གནད་དོན་གྱི་གསལ་ཐོར་དག་ཐེར་ཡོ་བསྲང་དང་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་།  

ཇུས་གཞི་ལྟར་ན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་གི་ལག་བསྟར་དམ་འཛིན་བྱེད་པའི་བྱེད་སྒོའི་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་དང་། དེ་ནི《2018ལོའི་དམིགས་ཚད་ཀྱི་འགན་འཁྲིའི( ལས་འབྲས) དཔྱད་ཞིབ་བྱེད་པའི་བར་མའི་ལྟ་སྐུལ་མཛུབ་སྟོན་གནད་དོན་གྱི་གསལ་ཐོ》《རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་ཞིབ་ཚོ་ཆུང་ཉེར་དགུ་པའི་གནད་དོན་ལ་ལྟ་ཞིབ་བྱེད་པའི་གསལ་ཐོ》སོགས་གསལ་ཐོའི་ཁྲོད་ཀྱི་རྩ་འཛུགས་བྱ་བ་དང་འབྲེལ་བའི་ནང་དོན་གཞིར་བཟུང་ནས། དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། ས་གནས་དང་ལས་ཁུངས་སོ་སོས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་ནས། མི་འདང་ས་དང་ཞན་ཆ་འཚོལ་བ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཚོ་སྔོན་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་གནས་དང་སྡེ་ཁག་སོ་སོའི་ལས་བྱེད་པས་དུས་རབས་གསར་པའི་ནང་འགན་ཁུར་གསར་པ་ཕྲག་ཏུ་ཁུར་པ་དང་བླངས་པའི་གྲུབ་འབྲས་གསར་པ་དང་། དེའི་ཐད་གནས་པའི་དཀའ་ཁག་དང་མི་འདང་ས་སོགས་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ། ས་གནས་སྡེ་ཁག་སོ་སོས་དུས་རབས་གསར་པའི་རེ་བ་དང་མཐུན་པར་བྱས་ནས། ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་འདེམ་བསྐོ་བྱེད་པའི་གནས་ཚུལ་ཐད་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།  ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས་ཞེས་བསྟན།

 ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ད་དུང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ལས་ཁུངས་ཀྱིས་ལག་བསྟར་དམ་འཛིན་བྱེད་པའི་བྱ་འགུལ་གྱི་ལས་འགན་གསལ་ཐོ་ལས་ནས། ལག་བསྟར་དམ་འཛིན་བྱེད་པའི་བྱ་འགུལ་གྱི་བྱ་བའི་གཙོ་གནད་གཏན་ཁེལ་བྱས་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ལྔ་བཞི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཧུར་ཐག་སྒོས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སྤེལ་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་ཞིབ་ཚན་ཆུང་ཉེར་དགུ་པས་བཏོན་པའི་དག་ཐེར་ལེགས་བཅོས་བྱ་དགོས་པའི་གཙོ་གནད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབུར་ཐོན་གནད་དོན། དབུལ་ཐར་འགག་སྒྲོལ་ཐད་ཀྱི་ལྟ་ཞིབ་གནད་དོན་གྱི་གསལ་ཐོ་ལ་དམ་དུ་དམིགས་པ། དཔལ་འབྱོར་འཁོར་རྒྱུག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བ་དང་དམ་དུ་དམིགས་ནས། བྱ་བའི་ལས་འགན་ཇེ་ཞིབ་ཏུ་གཏོང་བ་དང་བྱ་བའི་དམིགས་ཚད་གཏན་ཁེལ་བྱེད་པ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། དཀའ་གནད་སྐོར་ཞིག་ཐག་གཅོད་པ་དང་འབུར་ཐོན་དཀའ་ཁག་སྐོར་ཞིག་ཐག་གཅོད་པ། བྱ་བ་གལ་ཆེན་སྐོར་ཞིག་ལག་བསྟར་བྱེད་པ་དང་། རྒྱ་ཆེའི་རྩ་འཛུགས་བྱ་བའི་ལས་བྱེད་པས་དུས་རབས་གསར་པའི་ནང་འགན་ཁུར་གསར་པ་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་སློང་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་པ། གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་ལག་བསྟར་ལ་དམ་འཛིན་བྱེད་པའི་ཆིག་སྒྲིལ་གྱི་སྟོབས་ཤུགས་གྲུབ་པར་བྱེད་པ། དེ་དང་ཆབས་ཅིག་ཏུ། གཙོ་གནད་ཐོག་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་བྱ་བར་ཡག་པོ་བསྒྲུབ་པ་དང་།  “ གསར་པ་གཉིས་” ཀྱི་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཚོ་རིམ་པའི“ ཨུ་ཡོན་ལྷན་ཁང་གཉིས་” ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཚོར་བཅའ་སྡོད་བྱེད་པའི(དབུལ་སྐྱོར་)ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མིར་རྗེས་སྙེག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། “ སྤྱོད་ཚུལ་བཞི་” དང་ལས་བྱེད་པས་འགན་འཁྲི་མི་འཁུར་བ་དང་ལས་དོན་ལེགས་པར་མི་བསྒྲུབ་པའི་གནད་དོན་བཅོས་སྒྲིག་སོགས་ཕྱོགས8 ཐད་ཀྱི་ལས་འགན་ལ་ཤུགས་སྣོན་བྱ་དགོས་ཞེབ་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།