མཚོ་ནུབ་ཁུལ་གྱིས2018ལོའི་ཞིང་ལས་སྣ་འཛོམས་གསར་སྤེལ་ལས་གཞིའི་མ་དངུལ་ཡོད་ཚད་ལག་བསྟར་དོན་འཁྱོལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང“ཞིང་གསུམ”བྱ་བའི་བརྟན་འཇགས་ཁྲོད་འཕེལ་རྒྱས་འཚོལ་ཞིབ་བྱེད་པར་སྐུལ་འདེད་བྱ་ཆེད། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་ཞིང་ལས་གསར་སྤེལ་ལས་ཁུངས་དག་གིས་འབད་པ་དང་བརྩོན་ལེན་བྱས་པ་བརྒྱུད། ད་ལོའི་ཞིང་ལས་སྣ་འཛོམས་གསར་སྤེལ་ལས་གཞིའི་མ་དངུལ་ཡོད་ཚད་ལག་བསྟར་དོན་འཁྱོལ་བྱས་པ་རེད།

ད་ལོ་ཁུལ་ཡོངས་སུ་ཁྱོན་བསྡོམས་ཞིང་ལས་སྣ་འཛོམས་གསར་སྤེལ་ལས་གཞི་རིམ་པ་གཉིས་པའི་རིགས13བརྩོན་ལེན་བྱས་པ་རེད། (དེའི་ཁྲོད་ཚད་ལྡན་ཞིང་ཚུགས་འཛུགས་སྐྲུན་ལས་གཞི7དང་རྩྭ་ཐང་འཛུགས་སྐྲུན་ལས་གཞི1 ། ཐོན་ལས་ཅན་གྱི་ནོར་སྲིད་ཁ་གསབ་རོགས་སྐྱོར་ལས་གཞི4། ལས་ཁུངས་ཁྱབ་ཁོངས་འཁོར་སྐྱོད་སྐྱེ་ཁམས་ལས་གཞི1བཅས་ཡོད། )རིམ་པ་གཉིས་ཀྱིས་མཚོ་ནུབ་ཁུལ་ལ་རྒྱལ་ཁབ་ཞིང་ལས་སྣ་འཛོམས་གསར་སྤེལ་ལས་གཞིའི་མ་དངུལ་སྒོར་ཁྲི12483.6གནང་བ་དང་། དེའི་ཁྲོད་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི8694དང་། ལོ་སྔོན་མ་ལས7.6%འཕར་ཡོད།ཞིང་ཆེན་རིམ་པའི་ནོར་སྲིད་རམ་འདེགས་མ་དངུལ་སྒོར་ཁྲི3789.6ཡིན་ལ། ལོ་སྔོན་མ་ལས0.22%འཕར་ཡོད། ད་ལྟ་རིམ་པ་དང་པོའི་ལས་གཞིའི་ལས་བསྡུ་བྱ་བ་དེ་ཡོངས་འགྲུབ་བྱུང་ཡོད་པས་ལག་བསྟར་བྱེད་བཞིན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ཟླ10པའི་ཟླ་མཇུག་ལ་འཛུགས་སྐྲུན་གྱི་ལས་འགན་ཡོད་ཚད་ཡོངས་འགྲུབ་བྱ་ཐུབ། རིམ་པ་གཉིས་པའི་ལས་གཞི་དེར་ད་ལྟ་ལག་བསྟར་བྱེད་པའི་ཐབས་ཇུས་དང་འཆར་གཞི་བཟོ་བཞིན་ཡོད་པས་ལོ་འདིའི་ནང་ཐོག་མའི་དུས་ཡུན་གྱི་བྱ་བ་ཡོད་ཚད་ཡོངས་འགྲུབ་བྱ་རྒྱུ་རེད།

ཞིང་ལས་སྣ་འཛོམས་གསར་སྤེལ་ལས་གཞི་ནི་ཐད་ཀར་ཞིང་སྡེའི་འབྲོག་ཁུལ་དང་རོང་འབྲོག་མང་ཚོགས་ལ་ཁ་གཏད་པ་ཡིན་ཞིང་། ལས་གཞི་ལག་བསྟར་གྱིས་ཁུལ་ཡོངས་ཀྱི་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་ལག་བསྟར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་སྒྲིག་ཆས་ཀྱི་ཆ་རྐྱེན་མཐོར་འདེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་འབྲུ་རིགས་དང་ཟས་རིགས་ཀྱི་ཐོན་སྐྱེད་ནུས་པ་དེ་སྐས་རིམ་གསར་པ་ཞིག་ལ་སྤོས་ཡོད། ལས་གཞི་ལག་བསྟར་གྱིས་ཞིང་ཕྱུགས་མི་དམངས་ལ་ཕན་བདེ་བསྐྲུན་པ་དང“ཞིང་གསུམ”བྱ་བའི་གསོག་འཇོག་གི་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་ཞིང་སྡེའི་ཁྱོན་ཡོངས་ནས་རིམ་སྤར་དང་ཁྱོན་ཡོངས་ནས་མདུན་སྐྱོད། ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་སུ་འགྲོ་བར་སྐུལ་འདེད་བྱས་ཡོད། དེ་དང་ཆབས་ཅིག་མཚོ་ནུབ་ཁུལ་གྱི་ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡང་ཇེ་མགྱོགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།