རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་འཕར་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཟླ9པའི་ཚེས17ཉིན།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་ལྟར་ན།    སྐོར་ཐེངས་གསར་པའི་རླངས་སྣུམ་རིན་གོང་ཟླ9པའི་ཚེས17ཉིན་གྱི་དུས་ཚོད24སྟེང་འཕར་རྒྱུ་ཡིན་པ་རེད།    རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་གཞིར་བཟུང་སྟེ།   སྐོར་ཐེངས་འདིའི་རླངས་སྣུམ་འཕར་བའི་གཟའ་འཁོར་ནང་།(ཟླ9པའི་ཚེས4ཉིན—ཟླ9པའི་ཚེས17ཉིན།) རྒྱལ་སྤྱིའི་རླངས་སྣུམ་རིན་གོང་ཡང་ཇེ་མཐོར་སོང་ནས་རྒྱལ་ནང་གི་རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་ལ་ཤུགས་རྐྱེན་ཐེབས་ཏེ་རིམ་བཞིན་ཇེ་མཐོར་ཕྱིན་པ་རེད།  

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་སྤེལ་པའི་གནས་ཚུལ་ལྟར་ན།   རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་ཏུན་རེར་སྒོར145ཡི་ཇེ་མཐོར་སོང་ཡོད།

ཟླ9པའི་ཚེས17ཉིན།

ཐེངས་འདིའི་སྣུམ་རིན་འཕར་བའི་ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར།   རྒྱལ་ཡོངས་ནས་ཆ་སྙོམས་ཀྱིས་ཨང་རྟགས92ཅན་གྱི་རླངས་སྣུམ་རིན་གོང་ཧྲིན(升)རེར་སྒོར0.11གི་ཇེ་མཐོར་སོང་ཡོད་ལ། ཨང་རྟགས95ཅན་གྱི་རླངས་སྣུམ་རིན་གོང་ཧྲིན(升)རེར་སྒོར0.12ཀྱི་ཇེ་མཐོ་དང་། ཨང་རྟགས0ཅན་གྱི་ས་སྣུམ་རིན་གོང་ཧྲིན(升)རེར་སྒོར0.12ཀྱི་ཇེ་མཐོར་སོང་ཡོད་པ་རེད།

རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་འབེབས་ལྟར་ན།   2018ལོའི་ཟླ9པའི་ཚེས17ཉིན་གྱི་དུས་ཚོད24སྟེང་ནས་བཟུང་།  མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་རླངས་སྣུམ་དང་ས་སྣུམ་ཕྱིར་འཚོང་རིན་གོང་ཡང་མཉམ་དུ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་།  འབྲེལ་ཡོད་སྣུམ་གོང་གཞན་དག་གི་སྲིད་ཇུས《རྡོ་སྣུམ་རིན་གོང་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།