རང་ཞིང་གིས་ཞིང་སྡེ་དང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་དུང་ཆེན་དངོས་སུ་ཤར་གཏོང་བྱས་པ།

— ས་ཁུལ་མི་འདྲ་བ481ལ་འགྲིམ་འགྲུལ་བདེ་འཇགས་རྒྱང་སྒྲོག་ས་ཚིགས་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ཤང་སྡེ་རུ་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས14ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཁྱབ་འཁོར་ལམ་ཀྲུང་གོའི་ཞིང་སྡེའི་གནས་བབ་དང་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་ནང་ཆེན་རྫོང་ཏང་ཨུར་མཉམ་འབྲེལ་བྱས་ཏེ། རྫོང་སྲིད་གཞུང་གིས་རྒྱང་སྒྲོག་གིས“ཞིང་བར་ཁེ་ཕན་བསྐྲུན་པ་དང་ཞིང་སྡེ་ལ་དགའ་བ”ཞེས་པའི་རིམ་བསྟར་སྤྱི་ཕན་བྱེད་སྒོ། ཡུལ་ཤུལ་ནང་ཆེན་རྫོང་དང་མཚོ་སྔོན་ཞིང་ཆེན་ཞིང་སྡེའི་རོང་འབྲོག་ས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་དུང་ཆེན་དངོས་སུ་ཁྱབ་སྒྲོག་བྱེད་པའི་མཛད་སྒོ་དེ་རང་ཞིང་གི་ནང་ཆེན་རྫོང་དུ་སྤེལ་བ་རེད། བྱེད་སྒོ་འདིས་རང་ཞིང་གི་ཞིང་སྡེའི་རོང་འབྲོག་ས་ཁུལ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་དུང་ཆེན་དངོས་སུ་ཤར་གཏོང་བྱས་པ་མཚོན་ཡོད།

ལོ་འདི་དག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་སྒོས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་མཁར་གྲོང་གཅིག་གྱུར་ཅན་གྱི་བརྒྱུད་རིམ་དེ་ཡང་ལོ་རེ་བཞིན་ཇེ་མགྱོགས་སུ་སོང་ཞིང་ཞིང་སྡེའི་འབྲོག་ཁུལ་གྱི་རླངས་འཁོར་དང་རླངས་འཁོར་བསྐོར་བའི་ཁ་ལོ་བའི་མི་གྲངས་ཡང་མགྱོགས་མྱུར་སྒོས་ཇེ་མང་དུ་སོང་ཡོད། འོན་ཀྱང་ཞིང་འབྲོག་ས་ཁུལ་གྱི་གཞུང་ལམ་གྱི་མགྱོགས་མྱུར་འཕེལ་རྒྱས་དང་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་བའི་ལྷོད་ཞིག་གི་ཆ་དེ་ཅུང་འབུར་ཐོན་ཡིན་ཞིང་། ཞིང་སྡེའི་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དེ་གཏིང་མི་ཟབ་ལ། བདེ་འཇགས་ཀྱི་འདུ་ཤེས་ཡོངས་ཁྱབ་མིན་པ། ཞིང་སྡེའི་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཁྲོད་ཟབ་ཞུགས་བྱེད་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ལྟོས་བཅོས་ཀྱིས་ཞན་པ་བཅས་ཀྱིས་ཞིང་སྡེའི་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་དེ་སྔར་བཞིན་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་མི་འགྲོ་བའི་གནས་བབ་དེ་བྱུང་བ་རེད། དེའི་རྐྱེན་གྱིས2015ལོ་ནས་བཟུང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་རྒྱང་སྒྲོག་དྲིལ་སྒྲོག་ས་ཚིགས་ཁང་གི་འཛུགས་སྐྲུན་ཇུས་གཞི》པར་སྐྲུན་འགྲེམས་སྤེལ་བྱས། རིམ་པ་སོ་སོའི་ཏང་ཡོན་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་ཐུན་མོང་གིས་ཧུར་བརྩོན་བྱས་པ་བརྒྱུད་ད་ལྟའི་ཆར་འགྲིམ་འགྲུལ་བདེ་འཇགས་རྒྱང་སྒྲོག་དྲིལ་སྒྲོག་ས་ཚིགས481འཛུགས་བསྐྲུན་ལེགས་འགྲུབ་བྱུང་། ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ཐེན་ལེ་ཡིས་བསྟན་དོན། འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ས་ཚིགས481གསར་འཛུགས་བྱས་ཏེ་དངོས་སུ་རྒྱང་སྒྲོག་བྱས་པ་བརྒྱུད་རྒྱང་སྒྲོག་ས་ཚིགས་རེ་རེ་ཡིས་གཟའ་འཁོར་རེར་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་སྐོར་ཐེངས2ནས3ལ་རྒྱང་སྒྲོག་བྱས་ཤིང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སྲིད་ཇུས་བཅའ་ཁྲིམས་དྲིལ་སྒྲོག་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་མཁོ་སྤྲོད་བྱས་པའི་ལམ་གྱི་གནས་ཚུལ་བརྡ་འཕྲིན། བདེ་འཇགས་གསལ་འདེབས་དང་དེ་མིན་ཞིང་སྡེའི་འབྲོག་ཁུལ་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་དཔེར་མཚོན་གྱོད་གཞི། འབྲེལ་ཡོད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ལེ་ཚན་སོགས་ཀྱི་ནང་དོན་བསྒྲགས་པ་རེད། དེ་དང་ཆབས་ཅིག་ཀྲུང་གོའི་ཞིང་སྡེའི་སྐད་སྒྲ་སྟེ་ཞིང་སྡེ་དམངས་ཕན་རྒྱང་སྒྲོག་གིས་རྒྱ་ཆེའི་ཞིང་སྡེའི་རོང་འབྲོག་མང་ཚོགས་ཀྱིས་འགྲིམ་འགྲུལ་འགྲོ་འོངས་ཐད་ཀྱི་བཅའ་ཁྲིམས་འདུ་ཤེས་དང་བདེ་འཇགས་འདུ་ཤེས། དཔལ་ཡོན་འདུ་ཤེས་སོགས་ཆེས་ཆེར་བཏང་སྟེ་ཞིང་སྡེའི་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་བ་དེ་རིམ་བཞིན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། སྒྲིག་སྲོལ་ཅན་དུ་བཏང་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།