ཞབས་བྲོའི་ཟློས་གར《ཐང་ཀ》ཞེས་པ་དེ་སྐབས་ལྔ་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྟེང་འཁྲབ་སྟོན་བྱས་པ།

ཞབས་བྲོའི་ཟློས་གར《ཐང་ཀ》ཞེས་པའི་འདྲ་པར།

ཞབས་བྲོའི་ཟློས་གར《ཐང་ཀ》ཞེས་པའི་འདྲ་པར།

ཞབས་བྲོའི་ཟློས་གར《ཐང་ཀ》ཞེས་པའི་འདྲ་པར།

ཟླ9པའི་ཚེས12ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱིས་གསར་རྩོམ་འཁྲབ་སྟོན་བྱས་པའི་མི་རིགས་ཞབས་བྲོའི་ཟློས་གར་ཆེན་མོ《ཐང་ཀ》ཞེས་པ་དེ་ཞི་ཨན་དུ་འཁྲབ་སྟོན་བྱས་པ་རེད། སྐབས་ལྔ་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འདེམས་ཐོན་བྱུང་བའི་ཕུལ་བྱུང་ཞབས་བྲོའི་ཟློས་གར་ཆེན་མོ《ཐང་ཀ》ཞེས་པ་དེས་ཐང་ཀ་འབྲི་བཞེངས་བྱེད་པའི་སྒྱུ་རྩལ་པ་ཞིག་གི་མི་སེམས་འགུལ་བའི་གཏམ་རྒྱུད་རྒྱས་བཤད་གསལ་བོ་བྱས་ཤིང་། མཐོ་དབུས་མཐོ་སྒང་གི་མང་ཚོགས་ཀྱི་ལྷད་མེད་བརྩེ་སེམས་ལ་བསྟོད་གླུ་བླངས་ཏེ། གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ཞབས་བྲོ་ཡིས་སྒྱུ་རྩལ་གྱི་འགུག་ཤུགས་ཁྱད་པར་བ་ཞིག་གསར་བཟོ་བྱས་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།