རང་ཞིང་གིས་རོགས་སྐྱོབ་དངུལ་སྣ་གཉིས་བྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གནམ་གཤིས་རིམ་གྱིས་ཇེ་འཁྱག་ལ་སོང་བ་དང་བསྟུན་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དོ་ཁུར་བྱེད་པའི་གཙོ་གནད་དུ་འཛིན་བཞིན་ཡོད།  ཟླ9 ཚེས13 ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱ་ཆེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དུས་ལྟར་ནད་ལ་བལྟ་ཆེད།  ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་གིས་རོགས་སྐྱོབ་དངུལ་ཁག་གཉིས་གནང་ཡོད་པ་རེད།

དང་པོ་ནི2018 ལོའི་ཁག་གཉིས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར128132ཡིན་པ་དང་། གཅིག་གྱུར་གྱིས་འཆར་འགོད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར། གནས་སྐབས་རོགས་སྐྱོབ། སྤྲང་འཁྱམ་རིགས་ལ་རོགས་སྐྱོབ། དྭ་ཕྲུག་དང་དཀའ་ཁག་ཏུ་གྱར་བའི་བྱིས་པ་དང་ཨེ་ཙི་འགོས་ནད་ནད་དུག་འགོས་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་སྲུང་དུ་བཏང་དང་། ད་ལོར་ཀྲུང་དབྱང་གིས་ཁྱོན་བསྡོམས་རང་ཞིང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི251309བྱིན་པ་དང་། ན་ནིང་དང་བསྡུར་ན་སྒོར་ཁྲི32822འཕར་སྣོན་བྱས་འདུག འཕར་ཚད་15% ཟིན་ཡོད་པ་རེད། དེའི་ཁྲོད་དུ།  དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་ཁག་དང་པོའི་སྒོར123177ན་ནིང་གི་ལོ་མཇུག་ཏུ་བྱིན་པ་རེད།

ཁག་གཉིས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི 46184ཡིན་པ་དང་།ད་ལོར་ཀྲུང་དབྱང་གིས་རང་ཞིང་གི་སྨན་བཅོས་རོགས་སྐྱོབ་ལ་མ་དངུལ་སྒོར66184་བྱིན་པ་དང་། དེ་ནི་ན་ནིང་དང་བསྡུར་ན་ སྒོར27708འཕར་སྣོན་བྱས་འདུག འཕར་ཚད72%ཡིན་པ་རེད། དེའི་ཁྲོད་ཀྱི་ཁག་དང་པོའི་ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2དེ་ན་ནིང་ལོ་མཇུག་ཏུ་ས་ཁུལ་སོ་སོར་བྱིན་པ་རེད། ཞིང་ཆེན་དམངས་སྲིད་ཐིན་དང་།ཞིང་ཆེན་ནོར་སྲིད་ཐིང་གིས་ས་ཁུལ་ཁག་གི་དམངས་སྲིད་དང་ནོར་སྲིད་ཚད་ལྡན་བྱ་བའི་གོ་རིམ་བཞིན། འཕྲལ་མར་མ་དངུལ་བགོ་བཤའ་གཏོང་བར་འཆར་འགོད་བྱས་ཏེ།  ཟླ་གཅིག་གི་ནང་དུ་མ་དངུལ་གཏོང་སྤྲོད་དེ་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་ཏུ་གཏོང་སྤྲོད་བྱས།  དུས་མཚུངས་སུ་ལག་བསྟར་ནན་པོ་བྱས་ནས་མ་དངུལ་དོ་དམ་བྱ་ཐབས་ཆེ་རུ་བཏང་སྟེ། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་འགན་ལེན་ནུས་ལྡན་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ནད་གསོ་ཐུབ་པར་བྱས།

ལོ་ཙཱ་བ།རྟ་མགྲིན་དཔལ།