ཝང་ཡུས་པོ་ཡིས་མཚོ་ཤར་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ9པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་མཚོ་ཤར་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་ཀྱི་བྱ་བའི་དགོངས་དོན་དངོས་འབེབ་བྱེད་པའི་ཐད་ལྟ་སྐུལ་དང་མཛུབ་སྟོན་བྱེད་དུ་སོང་སྟེ། ཧྲུའུ་ཅི་ཝང་ཅུན་ཅོན་དང་ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་གཏམ་བཤད་དགོངས་དོན་དངོས་འབེབས་ལག་བསྟར་བྱས་ཏེ། གནད་དོན་གྱི་ཕྱོགས་དུ་བསྐྱོད་པ་དང་། དཀའ་ངལ་ཡོད་སར་འགྲོ་བ། དངོས་འབེབ་བྱེད་སར་འགྲོ་བ། ཞབས་འདེགས་ཞུ་བ་སོགས་སྟོབས་དང་ལྡན་པའི་བྱེད་ཐབས་བཀོལ་ནས། ལོ་ཧྲིལ་པོའི་བྱ་བའི་དམིགས་ཚད་ཀྱི་འགན་འཁུར་འགྲུབ་པར་བྱས་པ་རེད།

ཝང་ཡུས་པོ་སྔ་རྗེས་སུ་ལུང་མདོ་ས་ཁུལ་དང་དམར་གཙང་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་གནས་སྤོར་འདུས་སྡོད་བཀོད་སྒྲིག སློབ་གྲྭའི་འཛུགས་སྐྲུན། ཁང་ས་གསར་སྤེལ། གསང་སྤྱོད་ཁང་གསར་བརྗེ། བདེ་ཐང་རྒན་གསོའི་རྟེན་གཞི་སོགས་ཀྱི་ལས་གཞིའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ཁོང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུའི་དགོངས་དོན་གྱི་བྱ་བའི་དངོས་འབེབ་དོན་འཁྱོལ་བྱེད་པ་དང་། གནད་དོན་ལ་དམིགས་པ། གནད་དོན་ལ་ཁ་གཏད་ནས་དཀའ་གནད་ཐག་གིས་གཅོད་དགོས་ལ། གུང་ཁྲན་ཏང་ཡོན་གྱིས་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་མངོན་པར་བྱས་ཏེ། དངོས་འབེབས་བྱེད་པ་གཙོར་བཟུང་ནས། ཁ་བཤད་ཙམ་གྱིས་མི་ཆོག་པར་ལས་དོན་བཟང་པོར་བསྒྲུབ་པ་དང་། བྱ་བའི་མགོ་མཇུག་དང་གྲུབ་འབྲས་སྟོན་རྒྱུ་ཡོད་པ། ཞབས་ཞུའི་འདུ་ཤེས་བཟུང་ནས་སྲིད་གཞུང་རང་གི་འགན་ནུས་ལྟར། མང་ཚོགས་དང་ཁྲོམ་རའི་བར་དུ་སྤུས་ལེགས་ཞབས་ཞུའི་གཙོ་གཟུགས་འདོན་སྤྲོད་བྱ་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་སོགས་ཀྱི་འཛུགས་སྐྲུན་བྱ་བའི་གོ་སྐབས་ཡག་པོ་དམ་འཛིན་བྱས་ནས། ལས་གཞིའི་འཆར་འགོད་ལ་ཤུགས་སྣོན་དགོས་ལ། ཚད་གཞི་མཐོ་བའི་འཆར་འགོད་དང་། སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ལ་གཅིག་གྱུར་བྱེད་པ། ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པ། ཚོང་འགུག་དངུལ་འདྲེན་གྱི་ཚད་ཆེ་རུ་གཏོང་བ་སོགས་བྱེད་པ་དང་། ཆོད་སེམས་བརྟན་པོས་གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་གཏང་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།