རང་ཞིང་གིས2018ལོར་རིམ་པ་གཉིས་པའི་དབུལ་ཕོངས་མང་ཚོགས་ལ་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི128132བྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལས།སྤྱི་ཟླ9པའི་ཚེས13ཉིན་གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཉེ་སྔོན་རང་ཞིང་གིས2018ལོའི་རིམ་པ་གཉིས་པའི་དབུལ་ཕོངས་མང་ཚོགས་ལ་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི128132བྱིན་པ་དང་།དེར་གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་།ཧ་ཅང་དབུལ་ཕོངས་ཡིན་པའི་མི་གྲངས་ཀྱི་གསོ་སྐྱོང་མ་དངུལ།དུས་ཐོག་གི་རོགས་སྐྱོར་མ་དངུལ།སྦྲང་འཁྱམ་རིགས་ཀྱི་རོགས་སྐྱོར།དྭ་ཕྲུག་བྱིས་པ་དང་དཀའ་ཁག་ཅན་གྱི་བྱིས་པ།ཨེ་ཙིའི་འགོས་ནད་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་སོགས་ཀྱི་ཐད་ལ་གཅིག་གྱུར་འཆར་འགོད་བྱས་པ་རེད།ད་ལོར།ཀྲུང་དབྱང་གིས་བསྡོམས་པའི་རང་ཞིང་གི་དབུལ་ཕོངས་མང་ཚོགས་ལ་གཞི་རྩའི་འཚོ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི251309བྱིན་པ་དང་།དེ་ནི་ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི32822ཡིས་ཇེ་མཐོར་སོང་ཡོད་ལ།ཇེ་མཐོར་འགྲོ་ཚད་15%ཡིན་པ་རེད།དེའི་ཁྲོད་ན་ནིང་གི་ལོ་མཇུག་ལ་རིམ་པ་དང་པོའི་དབུལ་ཕོངས་མང་ཚོགས་ལ་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི123177གནང་པ་རེད།

ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཁུལ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་གནང་བའི་བྱ་བར་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་།དུས་ཐོག་ཏུ་མ་དངུལ་བགོ་བྱ་རྒྱག་པའི་ཇུས་གཞི་བཏོན་ནས།ཟླ་གཅིག་གི་ནང་རོགས་སྐྱོར་མ་དངུལ་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་ལ་སྟེར་དགོས་པའི་བླང་བྱ་བཏོན།   དེ་དང་མཉམ་དུ།  དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་དོ་དམ་བྱེད་ཐབས་གཟབ་ནན་གྱིས་ལག་བསྟར་བྱེད་པ། ས་ཁུལ་སོ་སོའི་རོགས་སྐྱོར་མ་དངུལ་གཏན་འཁེལ་ལྟར་དངོས་འབེབས་དོན་འཁྱོལ་བྱེད་པ།  སྲིད་ཇུས་གསོ་སྦྱོང་དང་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བཏང་སྟེ་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པ་དང་།ནུས་ལྡན་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་སོགས་བཏོན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།