མཚོ་སྔོན་གྱི་མྱུར་བགྲོད་གཞུང་ལམ་འདི་ཟླ་གསུམ་ལ་བཀག་སྡོམ་བཟོ་སྐྲུན་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན།   ད་ལོར་ཆར་ཆུ་འབབ་བཞུད་ཆེ་ནས་རང་ཞིང་གི་མྱུར་བགྲོད་གཞུང་ལམ་སྟེ། གཞུང་ཐང་ཆུ་མདོ་ནས་ཀན་སུའུ་གཙང་ཆེན(民和川口至甘肃大河家)བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕྱོགས་མང་པོར་ཆུའི་གནོད་སྐྱོན་ཐེབས་འདུག་པས།   ཟླ9པའི་ཚེས12ཉིན་ནས་ཟླ12པའི་ཚེས31ཉིན་བར།   གཞུང་ཐང་ལྷོ་ཕྱོགས་ནས་ཀའོ་ཧྲན་བར་གྱི་ལམ་དང་། མཱན་ཕེན་ནས་ཀོན་ཐེན་བར་གྱི་ལམ་ལ་དུས་ཡུན་ཟླ3རིང་གི་བཀག་སྡོམ་བཟོ་སྐྲུན་བྱ་རྒྱུ་རེད།

བཀག་སྡོམ་བྱེད་པའི་ལམ་ནི་གཞུང་ཐང་ལྷོ་ཕྱོགས་ནས་ཀའོ་ཧྲན་བར་གྱི་ལམ(民和南K186ནསK210古鄯段)དང་། མཱན་ཕེན་ནས་ཀོན་ཐེན་བར་གྱི་ལམ(满坪K221ནསK239+400M官亭路段)རེད།

བཟོ་སྐྲུན་སྐབས་སུ།  གཞུང་ཐང་ནས་ཀའོ་ཧྲན་ཕྱོགས་ལ་བགྲོད་པའི་རླངས་འཁོར(民和南至古鄯段)གཞུང་ཐང་ལྷོ་ཕྱོགས་ཀྱི་མྱུར་བགྲོད་ལམ་ཁྲལ་བསྡུ་སའི་ས་ཚིགས་ནས་ཕྱིར་འཁོར་ཏེ་ཀའོ་ཡོན་ཕུག་ལམ་བརྒྱུད་པ་དང་། དེ་གནས་ཁྲོན་ཀོང་གཞུང་ལམ་ནས་ཀའོ་ཧྲན་བརྒྱུད་ནས་འགྲོ་དགོས་ལ། ཀའོ་ཧྲན་ནས་མཱན་ཕེན་ཕྱོགས་ལ་བགྲོད་པའི་རླངས་འཁོར་ཁྲོན་ཏཱ་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འགྲོ་དགོས།

མཱན་ཕེན་ནས་ཀོན་ཐེན་ཕྱོགས་ལ་བགྲོད་པའི་རླངས་འཁོར(满坪至官亭路段)ཁྲོན་ཀོན་གཞུང་ལམ་བརྒྱུད་ནས་འགྲོ་དགོས།   ཀོན་ཐེན་ནས་གཞུང་ཐང་ཕྱོགས་ལ་བགྲོད་པའི་རླངས་འཁོར(官亭至民和)ཡོངས་རྫོགས་ཁྲོན་ཀོན་གཞུང་ལམ་བརྒྱུད་ནས་འགྲོ་དགོས་ལ།   མཱན་ཕེན་ཧྲང་ཁྲོན་མྱུར་ལམ་ནས་ཀའོ་ཧྲན་ཕུག་ལམ་བརྒྱུད་དེ་སླར་ཀའོ་ཧྲན་ནས་ཁྲོན་ཀོན་གཞུང་ལམ་སྟེང་བུད་ནས་གཞུང་ཐང་ལ་འགྲོ་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།