ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསར་པ་དངོས་སུ་འགྲེམས་སྤེལ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན།   ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསར་པའི་འགྲེམས་སྤེལ་མཛད་སྒོ་ཆའོ་པུའུ་སི་ཟློས་གར་ཁང་ནས་བསྡུས་ཏེ།  ཀུ་ཤུ་ཁ་པརiPhone XsདངiPhoneXs Max། iPhone XRདངོས་སུ་འགྲེམས་སྤེལ་བྱས།

རྒྱུས་ལོན་པ་ལྟར་ན། iPhone Xsལ་ནང་གསོག64GBཅན་དང256GBཅན ། 512GBཅན་བཅས་གསུམ་ཡོད།  ཕྱིར་འཚོང་རིན་གོང་དམངས་སྒོར8699ནས་གོང་འཕར་རྒྱུ། iPhone Xs Maxལ་ནང་གསོག64GBཅན་དང256GBཅན། 512GBཅན་བཅས་གསུམ་ཡོད། ཕྱིར་འཚོང་རིན་གོང་དམངས་སྒོར9599ནས་གོང་འཕར་རྒྱུ།    

iPhone XsདངiPhone Xs Maxམངགས་ཉོ་དུས་ཚོད་ཟླ9པའི14ཉིན་རེད།ཟླ9པའི་ཚེས21ཉིན་དངོས་སུ་ཕྱིར་འཚོང་བྱ་རྒྱུ་རེད།iPhone XRཕྱིར་འཚོང་རིན་གོང་དམངས་སྒོར6499ནས་གོང་འཕར་རྒྱུ།   དེར་ནང་གསོག64GBཅན་དང128GBཅན། 256GBཅན་བཅས་གསུམ་ཡོད། མངགས་ཉོ་དུས་ཚོད་ཟླ10པའི19ཉིན་རེད།  ཟླ10པའི་ཚེས26ཉིན་དངོས་སུ་ཕྱིར་འཚོང་བྱ་རྒྱུ་རེད།

  ལོ་ཙཱ་བ། ལྷ་ཆེན་རྒྱལ།