མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་གཉིས་པའི་དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་ཚོགས་འདུ་མཇུག་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ9པའི་ཚེས12ཉིན“འགྲིམ་འགྲུལ་དངུལ་ཁང་རྟགས་མའི”མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་གཉིས་པའི་དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་ཚོགས་ཆེན་མཇུག་བསྡུ་བའི་མཛད་སྒོ་དེ་མཚོ་སྔོན་སྟོད་པ་རྒྱལ་ཁབ་མཐོ་སྒང་སྦྱོང་བརྡར་རྟེན་གཞི་རུ་བདེ་བླག་ངང་སྤེལ་བ་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུང་ཚོགས་འདུར་ཞུགས་པ་མ་ཟད་ཚོགས་འདུ་མཇུག་བསྡུ་བ་དངོས་སུ་ཁྱབ་བསྒྲགས་བྱས།

ལོ་བཞི་རེའི་ནང་དུ་ཐེངས་རེ་སྤེལ་བཞིན་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་ཞིང་། ཚད་རིམ་ཆེས་མཐོ་བ། དུས་ཡུན་ཆེས་རིང་བ། ཤུགས་རྐྱེན་ཆེས་ཟབ་པའི་འགྲན་ཞུགས་མི་གྲངས་ཆེས་མོད་པོའི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གཞིར་བཟུང་སྟེ། “ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་མཚོ་སྔོན་ལ་བྱས་རྗེས་འཇོག་པའི”བརྗོད་བྱའི་དབྱངས་རྟ་ངག་ལ་གྱེར་བཞིན། “ཞིང་ཆེན་ལུས་རྩལ་གྱིས་དམངས་ལ་ཕན་བདེ་བསྐྲུན་པ་དང་བདེ་ཐང་གི་མཚོ་སྔོན་འཛུགས་བསྐྲུན་བྱེད་པའི”དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། “འགྲན་སྡུར་ལ་ངོ་མཚར་ལྡན་ཞིང་འགྲན་སྡུར་གྱིས་ངོ་མཚར་བསྐྲུན་པའི”དགོས་འདོད་ལྟར། “ང་རང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དང་བདེ་ཐང་གི་མཚོ་སྔོན་པ་གསར་འཛུགས་བྱེད་པའི་མཁའ་དབུགས་སྟུག་པོ”ཞིག་ཆགས་སུ་འཇུག་དགོས།

ཉིན140ཡི་རིང་ལ་རྣམ་གྲངས་ཆེན་པོ44ཡི་རྣམ་གྲངས105 རྣམ་གྲངས་ཆུང་ངུ1289ལས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྟེང་ཨང་དང་པོ1244ཐོན་པ་དང་འཐུས་ཚབ་རུ་ཁག206གི་ལུས་རྩལ་པ1701ཞུགས་ཡོད། ཤན་འབྱེད་པ338ལ་ཀུན་སྤྱོད་ཚུལ་མཐུན་གྱི་བྱ་དགའ་ཐོབ་པ་དང་ཐད་ཀར་དུ་འགྲན་སྡུར་ལ་ཞུགས་པའི་མི་གྲངས75542ཡོད་པས་མི་གྲངས་ས་ཡ་གཅིག་ལྷག་ལ་ཤུགས་རྐྱེན་དང་སྐུལ་སློང་ཐེབས་ནས་དམངས་ཡོངས་བདེ་ཐང་བྱེད་སྒོའི་ནང་ཞུགས་པ་དང་མིང་དོན་ཉིས་ལྡན་གྱི་ལུས་རྩལ་གྱི་འགྲན་ཚོགས་ཆེན་མོ་དང་མི་དམངས་ཀྱི་དུས་ཆེན་ཞིག་ཀྱང་ཡིན་པ་རེད།

ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལ་རྣམ་གྲངས་སྣ་མང་ཞིང་ཤུགས་རྐྱེན་རྒྱ་ཆེ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་གྲོན་ཆུང་བསྲི་ཆགས། བཅོས་སྒྱུར་གསར་གཏོད་བཅས་ཀྱིས། ཞིང་ཆེན་འགྲན་ཚོགས་ཀྱིས་དམངས་ལ་ཁེ་ཕན་བསྐྲུན་པ་དང་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ནས་འགྲན་སྡུར་ངོ་མཚར་དང་འགྲན་སྡུར་ལས་ངོ་མཚར་བ་བྱུང་བའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་སྒོས་ཞིང་ཆེན་ལུས་རྩལ་སྟེང་ཞུགས་ཏེ་མཚོ་སྔོན་ལ་བྱས་རྗེས་འཇོག་པའི་བརྗོད་བྱ་འབུར་ཐོན་སྤེལ་ནས། ང་རང་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་ནས་བདེ་ཐང་ཅན་གྱི་མཚོ་སྔོན་པ་བྱེད་པའི་བརྗོད་བྱ་གཙོ་བོ་ཡིན་པའི་རོལ་དབྱངས་མཉམ་ལེན་བྱ་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྟེང་ཚད་གཞི་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ལུས་རྩལ་རྣམ་གྲངས་ཁྲོད་ཞུགས་པར་ཤུགས་སྣོན་དང་རྩ་འཛུགས་ཀྱི་ཚད་རིམ་སྒྲིག་འཇུག འགྲན་ཞུགས་ཀྱི་ཚད་གཞིའི་ཁྱབ་ཚད་དང་སྒྲུབ་འགན། མཐུན་སྒྲུབ་ས་ཁུལ་དང་ལས་ཁུངས། རོགས་སྒྲུབ་ཚོང་བ་དང་འགྲན་ཞུགས་མི་སྣའི་ཚད་གཞི་སོགས་འགྲན་སྡུར་ཐེངས་སྔོན་མ་ལས་ཡོངས་སུ་བརྒལ་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།