ཡ་རྫི་ས་ཁུལ་གྱི་ཁང་རྙིང1795བསྒྱུར་བཀོད་བྱེད་འགོ་ཚུགས་པ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ད་ལོར།   ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས་ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་རྙིང་བསྒྱུར་བཀོད་གོ་རིམ་ཁྲོད་གནས་པའི་ཉེན་ཁར་དམིགས་ཏེ། སྲིད་ཇུས་ཆོག་འཐུས་ནན་སྲུང་དང་གནད་ཁེལ་དབུལ་སྐྱོར་ཟུང་འབྲེལ་སྒོས།  ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་རྙིང་བསྒྱུར་བཀོད་ཀྱི་དམངས་ཚིས་བཟོ་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ།  དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པར་འགན་ལེན་བྱས།  ད་སྔར།  ཁང་རྙིང1795བསྒྱུར་བཀོད་བྱེད་འགོ་ཚུགས་ཏེ་ལས་གཞིའི་འགོ་རྩོམ་ཚད95%སླེབས་ཡོད་ལ།  མ་རྩ་སྒོར་ཁྲི6338.6ལེགས་འགྲུབ་བྱས་ཡོད།

ཡ་རྫི་རྫོང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་ཞིང་སྡེའི་ཁ་ཐོར་དུ་གནས་པའི་ཧ་ཅང་དབུལ་ཕོངས་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་བཅས་ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་རྙིང་བསྒྱུར་བཀོད་ཁ་གསབ་བྱ་ཡུལ་དུ་བཟུང་སྟེ། སྡེ་སྡོད་དབུལ་སྐྱོར་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པ་སྡེ་བའི་ནང་དུ་སོང་ནས།   དབུལ་ཕོངས་ཁྱིམ་ཚང་དང་མཐའ་ཁོབ་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ།  《སྡོད་ཁང་ཞིབ་བཤེར་གནས་ཚུལ་སྡོམ་རྩིས་རེའུ་མིག》བསྐངས་པ་དང་། ཁང་རྙིང་བསྒྱུར་བཀོད་བྱ་ཡུལ་གཟབ་ནན་གྱིས་བདམས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་རེ་ཞུའི་གོ་རིམ་ཁྲོད་ནས་རོགས་སྐྱོར་བྱས།  བསྒྱུར་བཀོད་བྱ་ཡུལ་གཏན་འཁེལ་བྱེད་སྐབས་སྤྱི་བསྒྲགས་དང་འདྲ་མཉམ་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  རྫོང་སྡེ་གསར་གཞུང་སྒྲུབ་ཨུ་ཡོན་ལྷན་ཁང་གིས་ཤང་གྲོང་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ།  ཁང་རྙིང་བསྒྱུར་བཀོད་བྱེད་པའི་ཁྱིམ་ཚང་གི་ཆ་འཕྲིན་ལ་གཟབ་ནན་གྱིས་ཞིབ་བསྡུར་བྱས་ཏེ།  ཁང་རྙིང་བསྒྱུར་བཀོད་བྱེད་པའི་ཁྱིམ་ཚང་གནད་ཁེལ་གྱིས་གཏན་འཁེལ་བྱས་ལ།  དཔྱད་ཞིབ་གོ་རིམ་ཚད་ལྡན་དུ་བཏང་སྟེ་རང་མོས་རེ་ཞུ་དང་སྡེ་དམངས་གྲོས་མོལ།  ཤང་གྲོང་དཔྱད་ཞིབ། རྫོང་རིམ་པའི་ཆོག་འཐུས་དཔྱད་ཞིབ་ལག་བསྟར་བྱས།    དེ་དང་མཉམ་དུ། སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་གིས་བཙུགས་ཏེ།  སྡེ་བ་དང་ཤང་། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་བསྒྲགས་བྱེད་སྟངས་སྤྱད་ནས། སྤྱི་བསྒྲགས་སྦྱར་ཡིག་དང་དྲ་ཚིགས་སོགས་བེད་སྤྱོད་བྱས་ཏེ་ཁ་གསབ་བྱ་ཡུལ་གྱི་གཞི་རྩའི་ཆ་འཕྲིན་དང་ཞིབ་བཤེར་དུས་སྐབས་སོ་སོའི་མཇུག་འབྲས་སྤྱི་བསྒྲགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས།

དེ་ལས་གཞན།   ཁང་རྙིང་བསྒྱུར་བཀོད་ཀྱི་ཐོབ་ཐང་གཟབ་ནན་གྱིས་གཏན་འཁེལ་བྱས་ཏེ།   ཁང་རྙིང་བསྒྱུར་བཀོད་འཛུགས་སྐྲུན་གྱི་གོ་རིམ་ཡོངས་ནས་ལྟ་སྐུལ་དོ་དམ་ལག་བསྟར་བྱས།   ལས་ཁུངས་མང་པོ་ཞིག་དང་མཉམ་འབྲེལ་སྒོས་ཆེད་ལས་ལས་རིགས་མི་སྣ་བཀོད་སྒྲིག་བྱས་ཏེ།   ཁང་རྙིང་བསྒྱུར་བཀོད་ལས་གཞིའི་ཡུལ་དངོས་ནས་སྤུས་ཚད་བདེ་འཇགས་སྐོར་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་ནས།  ལས་གཞིའི་གོ་རིམ་སོ་སོར་གཟབ་ནན་གྱིས་དོ་དམ་བྱས།  གཙོ་བོ་རྟེན་གཞིའི་རྨང་གཞི་དང་ལས་གཞི་ལག་བསྟར་བྱ་ཡུལ་གཙོ་བོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།  ལས་གཞི་ལག་བསྟར་ཁྲོད་གནས་པའི་གནད་དོན་དུས་ལྟར་འཚོལ་ཞིབ་དང་དག་ཐེར་བྱས་ཏེ།  ཞིང་པ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས།

རྒྱུས་ལོན་པ་ལྟར་ན།   ད་ལོར། ཡ་རྫིང་རྫོང་ལ་ཁང་རྙིང1805བསྒྱུར་བཀོད་བྱེད་པའི་ལས་འགན་ཡོད་པ་རེད།  ད་སྔའི་བར་དུ།  ཁང་རྙིང1795བསྒྱུར་བཀོད་བྱེད་འགོ་ཚུགས་ཏེ་ལས་གཞིའི་འགོ་རྩོམ་ཚད95%སླེབས་ཡོད་ལ།  མ་རྩ་སྒོར་ཁྲི6338.6ལེགས་འགྲུབ་བྱས་ཡོད། དེའི་ཁྲོད་བསྒྱུར་བཀོད་ལེགས་འགྲུབ་བྱས་ཟིན་པའི་ཁྱིམ་ཚང358ཡོད་ལ། བསྒྱུར་བཀོད་ལེགས་འགྲུབ་བྱས་ཚད23.2%སླེབས་ཡོད་པ་དང།  གསར་སྐྲུན་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ20300ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།