རང་ཞིང་གིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

ཉེ་སྔོན།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་ཡོངས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བླང་བྱ་དོན་འཁྱོལ་བྱེད་པ་དང་སློབ་སྦྱོང་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།ཞིང་ཆེན་ཁོངས་གཏོགས་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཐེངས་འདིའི་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ནི་དུས་རབས་གསར་པར་དྲིལ་སྒྲོག་བསམ་བློ་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་མཐོ་ཚད་ནས་འགྲེང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་སྤྱི་བསྡོམས་གཏིང་ཟབ་བྱས།

རྣམ་པ་གསར་པའི་འོག་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་རྒྱས་བཤད་བྱས་ཡོད་པས།མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་དང་རིག་སྟོབས་མཚོན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཁོངས་གཏོགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་།དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་བོ་དང་ངོ་བོར་རྒྱུས་ལོན་ཡང་དག་བྱས་ཏེ་དམངས་སེམས་གཅིག་སྒྲིལ་དང་རིག་གནས་དར་རྒྱས་སོགས་ཀྱི་ལས་འགན་འཁུར་ཐུབ་དགོས།རིམ་པ་སོ་སོའི་དྲིལ་སྒྲོག་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ནུས་ཡོད་བྱེད་ཐབས་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས།

སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་།འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ་རིག་གནས་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གཅིག་བསྡུས་རྟོག་ཞིབ་གཏིང་ཟབ་ཏུ་སྤེལ་ཏེ་གཟབ་ནན་གྱིས་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་བསྡོམས་བྱེད་བྱས་ནས་ཤུགས་ཆེན་པོས་འགལ་བ་གཙོ་བོ་དང་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་བསམ་ཕྱོགས་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་བླང་བྱ་བཏོན་

ལོ་ཙཱ་བ། ལྷ་དཔལ་སྐྱབས།